དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་ནས་རིམས་འགོག་སྨན་ཁབ་སྦྱིན་གཏོང་གནང་བ།

ཏོག་དབྱིབས་གཉན་རིམས་ ༡༩ ཡི་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་འདིར་དྲིན་ཆེན་རྩ་བའི་བླ་མ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ས་སྐྱ་སྒྲོལ་མ་ཕོ་བྲང་དང་སྒྲོལ་མ་ཕོ་བྲང་ཐེབས་རྩ་ཚོགས་པ་ཐུན་མོང་ནས་ Uttarakhand མངའ་སྡེ་ནང་ཡོད་པའི་བདེ་སྐྱིད་གླིང་གཞིས་ཆགས་དང་ཉེ་འཁོར་གྱི་གཞིས་ཆགས་ཁག དེ་བཞིན་རྒྱ་གར་གྱི་ཡུལ་མི་ལོ་ན་ ༡༨ ནས་ ༤༤ བར་གཙོ་བོར་གྱུར་པའི་མི་དམངས་རྣམས་ལ་ཏོག་དབྱིབས་གཉན་རིམས་འགོག་ཁབ་སྦྱིན་གཏོང་གནང་ཡོད་འདུག

སྨན་སྦྱིན་དུ་ཕུལ་གནང་བའི་སྐབས་སྨན་སྦྱིན་ཕུལ་མཁན་གྱི་ངོས་ནས་ཐུགས་འགན་གཙོ་བོ་བཞེས་མཁན་བདག་མོ་སྐུ་ཞབས་སྐལ་ལྡན་སྒྲོན་སྐྱིད་མཆོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དང་བདེ་སྐྱིད་གླིང་ས་གནས་འགོ་འཛིན་གཙོས་འབྲེལ་ཡོད་རྣམ་པར་བཀའ་བསྡུར་དང་སྔོནའགོག་སྨན་ཁབ་འདི་བཞིན་མགྱོགས་མྱུར་རྒྱབ་འགོ་ཚུགས་པར་གང་ཅིའི་ཐུགས་འཁུར་ཆེར་བཞེས་ཀྱིས་གྲ་སྒྲིག་འཐུས་སྒོ་ཚང་བ་གནང་སོང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། དེ་བཞིན་དུ་ས་གནས་འགོ་འཛིན་གྱིས་དབུས་ཌེ་ར་ཌུན་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་བདེ་སྐྱིད་གླིང་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་མི་དང་དང་བླངས་པ་རྣམས་ཀྱི་ཕྱག་ལས་ལ་ཡང་ཡི་རང་བསྔགས་བརྗོད་ཞུ།

གསལ་བཤད། པར་དང་གསར་འགྱུར་ཡོང་ཁུངས་ས་སྐྱ་སྒྲོལ་མ་ཕོ་བྲང་གི་ངོ་དེབ། 

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*