དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ལེགས་པར་གྲུབ་པ།

༄༅། །དགོངས་མངའ་བཞིན་དུ་ཉེ་ཆར་དྲྭ་ལམ་ཐད་གཏོང་བརྒྱུད་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༨ དང་བོད་ཟླ་ ༡༡

ཚེས་ ༡༤ ཉིན་ཆོས་རྗེ་རིན་པོ་ཆེ་འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་པལ་བཟང་པོ་མཆོག་གི་དགོངས་རྫོགས་དུས་ཆེན་ནས་བཟུང་ཉིན་གྲངས་ལྔའི་རིང་དུ་ཚོགས་མགོན་དུ་འཛམ་གླིང་བསྟན་འགྲོའི་དཔལ་མགོན་ྋསྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། ྋསྐྱབས་མགོན་༸གོང་མ་ཁྲི་འཛིན་རྣམ་གཉིས་ཀྱི་དབུས་པའི་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་རྒྱལ་སྲས་རྣམ་པ་དང་།   ས་ངོར་ཚར་རྫོང་གི་བླ་ཆེན་རྣམ་པ་དབུ་བཞུགས་ཐོག ཆོས་སྡེ་ཁག་བཞི་བཅུ་ཞེ་གཉིས་ཀྱི་དགེ་འདུན་པ་སུམ་སྟོང་ལྷག་ལྷན་འཛོམས་ཀྱིས་སྨོན་ལམ་ཚོགས་ཡོད་པ་དང་།  ༸གོང་མ་ཁྲི་ཆེན་མཆོག་གི་སྐུའི་བླ་གཟའ་ཉིན་མོར་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་ཆོ་ག་སྦྱོར་སྒྲུབ་དང་སྐུ་པར་མཐོང་གྲོལ་ཆེན་པོར་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་བསྒྲོན་སོགས་ཀྱི་མཚོན་པའི་དགོན་སྡེ་ཡོངས་ཀྱི་འཛམ་གླིང་ཞི་བདེ་ཡོངས་ཕྱིར་དང་དགའ་སྟོན་གཏང་རག་གི་སླད་དུ་རྗེ་བཙུན་ས་སྐྱ་པའི་བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས་ལ་གཏོར་བསྔོ་དང་ཚོགས་མཆོད་རྒྱ་ཆེ་འབུལ་གྱིས་མཐའ་བརྒྱན་ཏེ་མཇུག་བསྒྲིལ་བའི་དགོན་སྡེ་ཁག་གི་སྣང་བརྙན་པར་ཁག་གཤམ་གསལ། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*