༧སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བཀའ་ཁྲིད་གནང་བཞིན།

༧ རིས་མེད་བསྟན་པའི་བདག་པོ་མཁྱེན་བརྩེ་སྐུ་ཕྲེང་དང་པོ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་འམ་བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་སྐུ་ཡི་མཚན་དཔེ་མངོན་པར་བཞད་དེ་ལོ་ཉིས་བརྒྱ་འཁོར་བའི་དུས་མཆོད་དང་འབྲེལ། ༸སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་འཕགས་ཡུལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་འཇམ་དབྱངས་རྗེས་གནང་དང་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བཀའ་ཁྲིད་སྩོལ་བཞིན་པ། གསུང་ཆོས་འདི་བཞིན་དེང་སྐབས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དབང་གིས་མི་མང་འདུ་འཛོམས་མེད་པའི་ཐོག་༸དཔལ་ས་སྐྱའི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་རྣམ་གཉིས་དང་། བཤད་གྲྭའི་མཁན་ཆེན་རྣམ་པས་དབུས་པའི་བཤད་གྲྭར་རྒྱུན་བཞུགས་མཛད་བཞིན་པའི་དགེ་འདུན་འདུས་ཚོགས་ཁོ་ན་ལ་སྩོལ་བཞིན་ཡོད་པ་དང་། གསུང་ཆོས་སྐབས་སུ་ཡང་ཆེད་མཁས་སྨན་པའི་ལམ་སྟོན་བཞིན་བླ་སློབ་ཚང་མས་ཁ་རས་གྱོན་པ་དང་རྒྱང་ཐག་འཇོག་པ་སོགས་ཉེན་སྲུང་རྣམས་ཀྱང་ཚུལ་མཐུན་ལག་ལེན་གནང་མུས་རེད་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*