༸གོང་མ་ཁྲི་ཆེན་མཆོག་གི་སྐུ་འདྲ་གདན་ཞུ།

      དེ་རིང་རྒྱལ་ཕུར་འགྲུབ་སྦྱོར་ཉིན་༸གོང་མ་ཁྲི་ཆེན་མཆོག་གི་སྐུ་འདྲ་གདན་ཞུ་གནང་འདུག

དེ་རིང་གཟའ་སྐར་འཕྲད་སྦྱོར་དགེ་བའི་ཉིན་ཁམས་ཏྲེ་ཧོར་གདོང་ཐོག་དགོན་གྱི་བླ་སློབ་ཡོངས་ནས། ཞོགས་པ་ཆུ་ཚོད་བརྒྱད་པ་གཡོན་གཡས་མཚམས་སུ་བཤད་གྲྭའི་འདུ་ཁང་ནས་གཙུག་ལག་ཁང་ནང་དུ།  སྐུ་ལི་མ་ལས་གྲུབ་པའི་ཐོག་ཚད་མི་གཟུགས་ལྷག་ཡོད་པའི་ན་བཟའ་ཆ་ཚང་རབ་ཏུ་རྒྱན་པའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་དཔལ་བཟང་པོ་མཆོག་གི་སྐུ་འདྲ་ཞིག་མཁན་རིན་པོ་ཆེ་སངས་རྒྱས་མགོན་པོ་དང་ཁྲི་ཟུར་བླ་མ་རབ་དགའ་རྣམ་གཉིས་ནས་ཐུགས་ཁུར་གཙོར་བཞེས་ཀྱིས་འགྲོ་གྲོན་གཏོང་ནས་གསར་བཞེངས་གནང་བ་ཞིང་།   ཉིན་ཤས་སྔོན་ནས་རྒྱ་ནག་ཁྲེན་ཏུང་ནས་རང་དགོན་གྱི་བཤད་གྲྭའི་འདུ་ཁང་དུ་གདན་འདྲེན་གནང་འདུག   དེ་རིང་རྒྱལ་ཕུར་འགྲུབ་སྦྱོར་དགེ་བའི་ཉིན་མོར་རང་དགོན་བླ་སློབ་ཡོངས་ནས་དུང་དང་རྒྱ་གླིང་། གསེར་སྤུངས་དང་སྤོས།  མེ་ཏོག་དང་ཕྲེང་བ། བྱུག་པ། གདུགས་དང་རྒྱལ་མཚན།  བ་དན་སོགས་ཀྱིས་མཆོད་རྫས་སྣ་ཚོགས་ཕྱག་ཏུ་བསྣམས་ནས་སེར་འཕྲེང་བསྒྲིགས་ཏེ་གཙུག་ལག་ཁང་གི་གདོང་ལྔ་གསེར་གྱི་བཞུགས་ཁྲི་རིན་པོ་ཆེའི་ཐོག་ཏུ་གདན་འདྲེན་བྱས། དེ་ནས་ཞབས་བརྟན་གསོལ་འདེབས་དབྱངས་རྟ་དང་འབྲེལ་ནས་ཚོགས་མཆོད་གནང་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*