གསར་འགྱུར།

༸གོང་མ་ཁྲི་ཆེན་མཆོག་གི་སྐུ་འདྲ་གདན་ཞུ།

2020 ལོའི་ཟླ 6 ཚེས 25 ཉིན། གདོང་མཁན། 0

དེ་རིང་གཟའ་སྐར་འཕྲད་སྦྱོར་དགེ་བའི་ཉིན་ཁམས་ཏྲེ་ཧོར་གདོང་ཐོག་དགོན་གྱི་བླ་སློབ་ཡོངས་ནས། ཞོགས་པ་ཆུ་ཚོད་བརྒྱད་པ་གཡོན་གཡས་མཚམས་སུ་བཤད་གྲྭའི་འདུ་ཁང་ནས་གཙུག་ལག་ཁང་ནང་དུ། སྐུ་ལི་མ་ལས་གྲུབ་པའི་ཐོག་ཚད་མི་གཟུགས་ལྷག་ཡོད་པའི་ན་བཟའ་ཆ་ཚང་རབ་ཏུ་རྒྱན་པའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་དཔལ་བཟང་པོ་མཆོག་གི་སྐུ་འདྲ་ཞིག་མཁན་རིན་པོ་ཆེ་སངས་ དེ་ལས་མང་་་

བཀའ་སློབ།

༧སྐྱབས་མགོན༧གོང་མ་ཁྲི་རྡོ་རྗེ་འཆང་མཆོག་གིས་བཀའ་བསྟན་སྐོར་སྩལ་བའི་བཀའ་སློབ།

2020 ལོའི་ཟླ 6 ཚེས 19 ཉིན། གདོང་མཁན། 0

དེ་རིང་འདིར་བཞུགས་པའི་བླ་ཆེན་རྣམ་པ་དང་། དེ་བཞིན་མཁན་སྤྲུལ་རྣམས་ཀྱི་དབུས་སྐྱབས་གནས་དགེ་འདུན་པ་རྣམ་པ། གཞན་ཡང་དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་སྦྱིན་བདག་རྣམས་ཀྱི་གཙོས་དད་སྦྱིན་ལྷན་འཛོམས་ཀྱི་འདུས་པ་ཡོངས་ལ་ཆེད་དུ་ཞུ་རྒྱུར། སྟོན་མཆོག་ཐུབ་པའི་དབང་པོ་སྐུ་བལྟམས་པའི་གནས་མཆོག་ཁྱད་པར་ཅན་འདིར་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཚོགས་ནས་ལོ་༢༣འགྲོ་བཞིན་ཡོད་རེད། དེས་ན་དེ་རིང་སྨོན་ལམ་ལ་ཕེབས་མཁན་ཚང་མ་ལ་དགའ་བསུ་དང་འབྲེལ་བའི་ཐོག་ནས་མཛའ་ཤིང་བརྩེ་བའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་ལས་མང་་་

བསྟོད་ཚོགས།

རྟོགས་བརྗོད་ལེགས་ལམ།

2020 ལོའི་ཟླ 6 ཚེས 15 ཉིན། གདོང་མཁན། 0

དཔལ་ས་སྐྱ་པའི་བསྟན་པ་ལ་བྱ་བ་བྱས་ཚུལ། དགེ་བའི་བཤེས་གཉེན་མགོན་པོ་དཔལ་དང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་བཀས་བསྐུལ་བ་བཞིན། ས་སྐྱ་པའི་ཆོས་ལེགས་པར་ཤེས་ནས་ས་སྐྱའི་བསྟན་པ་ཡུན་གནས་དར་རྒྱས་ཡོང་བའི་སླད། རྗེ་བཙུན་གོང་མའི་གསུང་རབ་ཀྱི་ཡིག་ཆ་འཚོལ་བསྡུ་བརྩད་གཅོད་དང་། གཟིགས་རྟོགས་མཐར་ཕྱིན་པར་མཛད་པས་གོང་མའི་དགོངས་པ་ཐུགས་སུ་ཆུད། དཔེ་ཁང་གང་ཡོད། གསུང་རབ་ཀྱི་རྣམ་གྲངས་སོགས་ཕྱག་ལེན་ཕྲ་མོ་ཚུན་ཆད་ལ་ཞིབ་རྟོག་མཛད་པའོ། དེ་ལས་མང་་་

ངག་རྩོམ།

བླ་མ་རྒྱང་འབོད།

2020 ལོའི་ཟླ 6 ཚེས 15 ཉིན། གདོང་མཁན། 0

གསོལ་བ་འདེབས་སོ་བླ་མ་ས་པཎ་མཁྱེན།།གསོལ་བ་འདེབས་སོ་ཡིད་དམ་ས་པཎ་མཁྱེན།།གསོལ་བ་འདེབས་སོ་སངས་རྒྱས་ས་པཎ་མཁྱེན།།གསོལ་བ་འདེབས་སོ་ཆོས་སྐྱོང་ས་པཎ་མཁྱེན།།མཁྱེན་ནོ་མཁྱེན་ནོ་བུ་ལ་ཐུགས་རྗེས་གཟིགས།། སངས་རྒྱས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ།།དམ་ཆོས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ།།དགེ་འདུན་ཀུན་འདུས་ཆོས་རྗེ་རིན་པོ་ཆེ།།སྐྱབས་གནས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ།།མཁྱེན་ནོ་མཁྱེན་ནོ་བུ་ལ་ཐུགས་རྗེས་དགོངས།། དེ་ལས་མང་་་

ངག་རྩོམ།

མ་ཡུམ་སློབ་གླིང་ལ་བསྟོད་པ་ཙམ་པ་ཀའི་མེ་ཏོག

2020 ལོའི་ཟླ 6 ཚེས 12 ཉིན། གདོང་མཁན། 0

མཚན་དཔེའི་ཆུ་གཏེར་འདུལ་བྱའི་དོན་དུ་བཞད། ། དམ་པའི་ཚུལ་དགུའི་ནོར་གྱིས་ཐུབ་བསྟན་བསྐྱངས། ། མན་ངག་ནོར་བུ་བྱེ་བའི་གདེང་ཀ་ཅན། །ཨ་ཡི་མཚན་ཅན་ཀླུ་སྒྲུབ་གཉིས་པ་དྲན། ། བཅུ་ཕྲག་རིག་པའི་རྦ་རླབས་མ་ཞུམ་ཞིང་། ། འཆད་རྩོད་རྩོམ་པའི་ནོར་བུས་མ་ཕོང་བར། ། དཔྱོད་ལྡན་དེད་དཔོན་འདུ་བའི་ཆུ་གཏེར་དེར། ། མཁས་པའི་འབྱུང་གནས་ཞེས་པའི་སྙན་པ་འཕུར། ། བཀོད་ལེགས་ཁང་བཟང་ལྷ་ཡི་ཕོ་བྲང་འདྲ། ། དེ་ལས་མང་་་

མི་སྣ་ངོ་སྤྲོད།

བོད་ཀྱི་དཔེ་རྙིང་མྱུར་སྐྱོབ་པ་སྐུ་ཞབས་རྗེན་ལགས་ངོ་སྤྲོད།

2020 ལོའི་ཟླ 6 ཚེས 12 ཉིན། གདོང་མཁན། 0

སྐུ་ཞབས་རྗེན་སི་མི་ཐི་མཆོག་ནི། ཨ་རིའི་(Utah)ཨུ་ཏ་ས་གནས་ཀྱི་(Ogden)ཨོ་ཏན་ཞེས་པར་ཕྱི་ལོ་༡༩༣༦ ཟླ་༨ པའི་ཚེས་༡༠ ཉིན་ཡེ་ཤུ་མོ་མི་ནེ་སིམ་ཆོས་བརྒྱུད་ཀྱི་སྲོལ་གཏོད་པ་སྙན་གྲགས་ཅན་(Joseph Smit)ཇོ་སེབ་སི་མེ་ཐིའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས། མཚན་དངོས་ལ་(Ellis Gene Smith)ཨེ་ལི་སི་རྗེན་སི་མི་ཐི་ཞེས་བྱ་ཞིང་། ཁོང་ལ་སྐུ་སྲིང་གསུམ་ཡོད། དུས་རྒྱུན་ཉེ་འབྲེལ་གྱི་མི་དག་གིས་ཁོང་ལ་རྗེན་ཞེས་འབོད། དེ་ལས་མང་་་

བཀའ་སློབ།

ས་ག་ཟླ་བའི་བསྐོར་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་གི་བཀའ་སློབ།

2020 ལོའི་ཟླ 6 ཚེས 7 ཉིན། གདོང་མཁན། 0

ས་ག་ཟླ་བ་ནི་བདག་ཅག་གི་སྟོན་པ་ཆེན་པོ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་དྲན་ཁྱད་པར་ཅན་ཞིག་ཡིན།དེས་ན་ང་ཚོ་ནང་པའི་རྗེས་འཇུག་པ་དག་གིས་དུས་ཆེན་འདི་ལ་སྲུང་བརྩི་ཞུས་ནས་དགེ་ལས་རྒྱ་ཆེན་ལ་འབད་ཀྱིན་ཡོད། འོན་ཀྱང་དགེ་བ་ཆོས་ཕྱོགས་སུ་མི་འགྲོ་ཞིང་སྡིག་ལས་ལ་གཞོལ་བའི་ཉེན་ཁ་ཆེ་བའི་གནད་འགའ་ཞིག་བསྟན་ཡོད། དེ་ལས་མང་་་

གསར་འགྱུར།

ས་ག་ཟླ་བའི་དུས་ཆེན།

2020 ལོའི་ཟླ 6 ཚེས 6 ཉིན། གདོང་མཁན། 0

ཁ་རྩང་ས་ག་ཟླ་བའི་ཚེས་ ༡༥ བདག་ཅག་གི་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་ཆེན་གྱི་ཉིན་འདྲེན་མཆོག་རྩ་བའི་བླ་མ་དམ་པ་༧དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་ཡབ་སྲས་རྣམ་གཉིས་དབུས་བཞུགས་ཐོག་སྐྱབས་རྗེ་འཁོན་གདུང་དང་རྗེ་བཙུན་མ་བཅས་སྒྲོལ་མ་ཕོ་བྲང་དུ་གསུང་ཆོག་དང་འབྲེལ་དུས་ཆེན་ཁྱད་པར་ཅན་སྲུང་རྩི་གནང་། དུས་བཟང་འདི་དང་སྟབས་བསྟུན་རྗེ་བཙུན་མ་སྐུ་འགྲེས་ཀུན་ དེ་ལས་མང་་་