གློ་བོའི་ཕྱོགས་སུ་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་འཚོགས་བཞིན་པ།

དེ་རིང་གློ་བོའི་ས་སྐྱ་སྨོན་ལམ་ཉིན་དང་པོར་༧ ངོར་ཨེ་ཝཾ་༧སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་མཆོག་དང་༧བཅོ་བརྒྱད་ཁྲི་པ་༢༧ པ་རིན་ཆེན་དཔལ་འབྱོར་རིན་པོ་ཆེ་མཆོག    དེ་བཞིན་དུ་གློ་བོ་མཁན་ཆེན་ཞབས་དྲུང་རིན་པོ་ཆེ་མཆོག    གློ་བོའི་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་གློ་བོའི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ་བཅས་ལྷན་འཛོམས་ཐོག་ཏུ་འཇིག་རྟེན་ཞི་བདེའི་ཆེད་སྨོན་ལམ་ཆེན་མོ་ཚོགས་གནང་མཛད་བཞིན་པའི་རེད་འདུག 

དེ་བཞིན་དུ་ས་ག་ཟླ་བའི་ཉིན་ཐོག་མར་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་༤༢མཆོག་གི་བཀའ་དགོངས་དང་ཀ་སྤུངས་ས་དགོན་འདུ་སྤྱི་ནས་གསོལ་བ་འདེབས་པ་བཞིན་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་༢༦ མཆོག་གིས་ཀ་སྤུངས་ས་དགོན་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དུ་དགེ་ཚུལ་སློང་གི་སྡོམ་པ་འབོག་རྒྱུའི་མཛད་རིམ་དབུ་འཛུགས་གནང་མུས་རེད་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*