བཅད་རྩོམ།

དགུན་ཟླའི་ཁྲོད་ནས་ཁྱེད་རང་དྲན།

2023 ལོའི་ཟླ 11 ཚེས 20 ཉིན། ཕར་ནང་དཀོན་རྒྱས་ 0

ཉི་མའི་འོད་སྣང་སྤྲིན་གྱིས་སྲིབ་ཐལ། །
རླུང་བསེར་དུམ་བུ་རི་ལུང་ལྡང་བྱུང་། །
ཐལ་རྡུལ་སྐྱ་བོ་མཁའ་ལ་འཕུར་སོང་། །
མ་བཅོས་སེམས་ནས་ཁྱོད་རང་དྲན་བྱུང་། །
རི་མགོར་ཁ་བའི་ན་བུན་འཐིབ་ཐལ། །
གྲང་བཤེར་འཁྱགས་ཀྱིས་ལུས་འདི་ངར་བྱུང་། །
འདི་སྣང་རྒོད་པའི་སེམས་ཀྱི་རྟ་ཕོ། །
མ་འབད་ངང་གིས་ཁྱོད་དང་འགྲོགས་སོང་། །
དགུན་གཞུང་ཐལ་བ་ཡིད་ལ་དྲན་ན། །
མི་འདོད་མིག་ཆུ་དབང་མེད་ལྷུང་གི །
རྒྱང་རིང་དབྱར་གཞུང་རེ་སྒུག་ཁྲོད་ནས། །
ཉིན་མཚན་རེ་རེ་རྫོགས་ཐབས་མ་བྱུང་། །
ལྷན་སྐྱེས་སྙན་ དེ་ལས་མང་་་

བཅད་རྩོམ།

གཉུག་སེམས་ཀྱི་འཆར་སྣང་།

2023 ལོའི་ཟླ 11 ཚེས 16 ཉིན། ཕར་ནང་དཀོན་རྒྱས་ 0

མ་བཅོས་གཉུག་སེམས་ཟླ་བའི་ལང་ཚོ་སྟེ། །
དགའ་སྡུག་ཚོར་བའི་འཕེལ་འགྲིབ་རེས་ཉིད་ཅིང་། །
ཁེར་བཞུར་གཙང་པོའི་འགྲམ་གྱི་མེ་ཏོག་བཞིན། །
སྣང་བའི་དུས་བཞི་སྐྱེལ་བསུ་ལན་མང་བྱས། །

ཚོར་བའི་གླུ་སྒྲ་རེ་རེ་རི་སུལ་ནས། །
ལྷོ་བཞུད་སྤྲིན་དང་བྱ་ཁྱུ་ལ་གྱེར་དུས། །
སོར་མོའི་འཕྲུལ་འཁོར་བསྒུལ་ཤུལ་ཚིག་གི་མཁར། །
ངལ་མེད་སྣང་བའི་གྲོང་དུ་བཞེངས་ནས་ཐལ། །

སྨྲ་སྒོའི་གཞུ་མོའི་བར་ནས་ཚིག་གི་མདའ།
མྱི་སེམས་མེ་ལོང་ལྟོངས་སུ་འཕངས་བའི་ཤུལ། །
ཚོར་བའི་རི་མོ་མག་མོག་རབ་རིབ་ཏུ། །
ཤ་རུས་སྤགས་པའི་གསེང་དུ་བསུབ་མེད་གནས། ། དེ་ལས་མང་་་

བཅད་རྩོམ།

འཁོར་བའི་རི་གྲོང་ནས་ངལ་དུབ་ཀྱི་མགུར་བཞེས་པ།

2023 ལོའི་ཟླ 11 ཚེས 16 ཉིན། ཕར་ནང་དཀོན་རྒྱས་ 0

འདྲ་མིན་ཡོ་ལང་འཁྲུགས་པའི་འཇིག་རྟེན་གྱི་ཡུལ་ནས།།
མཚར་མཚར་སྣང་བའི་རི་མོ་དཀར་དམར་ལ་གཡེང་སྟེ།།
ཚོགས་དྲུག་རྣམ་ཤེས་བུང་བ་གཞན་དབང་དུ་གྱུར་པས།།
རྣམ་དཀར་དགེ་བའི་ལས་ལ་འབད་ཁོམ་རང་མ་བྱུང་།།

དཀོར་ནག་ཁྲོ་ཆུ་འཐུང་བའི་རྔམ་ཁ་དེ་རྒོད་ཅིང་།།
རང་གཞན་དགྲ་གཉེན་འཐབ་པའི་རི་ཁུད་དུ་ཚུད་པས།།
ཐུགས་བསྐྱེད་རྩ་བྲལ་སོང་བའི་གྲོང་ཆོག་གི་ལམ་ནས།།
རྣལ་འབྱོར་ཞི་བའི་བྱ་སྤྱོད་རང་སྟེང་དུ་མ་ལོན།།

ཟག་བཅས་ལུས་ཀྱི་ཕུང་པོ་བདེ་བདེ་རུ་འདུག་ཀྱང་།། དེ་ལས་མང་་་

དཔེ་དེབ།

དཔལ་ལྡན་ས་སྐྱ་པའི་དགོན་སྡེ་ཁག་གི་མཚན་ཐོ་ཀུན་བཏུས།

2023 ལོའི་ཟླ 11 ཚེས 15 ཉིན། གདོང་མཁན། 0

༄༅། །གངས་ལྗོངས་མདོ་སྔགས་བསྟན་པའི་ཤིང་རྟ་ཆེན་པོ་༸རྒྱལ་བ་གཉིས་པ་༧དཔལ་ལྡན་༸ས་སྐྱ་པའི་རིང་ལུགས་འཛིན་པའི་དགོན་སྡེ་བོད་དང་རྒྱ་བལ་འབྲུག་གསུམ། ཕྱི་རྒྱལ་ཁག་བཅས་ཀྱི་གནའ་དེང་གི་ཆོས་སྡེ་ཡོངས་ཀྱི་མཚན་ཐོ་ཀུན་བཏུས།
རྩོམ་སྒྲིག་པ།
སྐབས ༡༦ པའི་བོད་མི་མང་དཔལ་ལྡན་ས་སྐྱ་པའི་སྤྱི་འཐུས།
ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།
བོད་རྒྱལ་ལོ ༢༡༤༤ བོད་ཟླ ༡ པའི་ཚེས་༡༢།
སྤྱི་ལོ ༢༠༡༧ ཟླ་བ ༣ པའི་ཚེས ༩་དགེ་བའི་ཉིན་ལ་སྤེལ། དེ་ལས་མང་་་

དགོན་སྡེ།

དཔལ་ལྡན་ས་སྐྱ་པའི་དགོན་པ་ཐོག་མ།

2023 ལོའི་ཟླ 11 ཚེས 15 ཉིན། གདོང་མཁན། 0

དཔལ་ལྡན་ས་སྐྱ་པའི་དགོན་པ་ཐོག་མ་ནི་ས་སྐྱ་གོག་པར་ཞེས་པ་དེ་ནི། འཁོན་དཀོན་མཆོག་རྒྱལ་པོས་ཕྱག་བཏབ་གནང་། དེ་ཡང་འཁོན་དཀོན་མཆོག་རྒྱལ་པོ་ནི་རབ་བྱུང་དང་པོའི་ཤིང་ཕོ་ཁྱི་ལོར་སྤྱི་ལོ་༡༠༣༤་གཡའ་ལུང་མཁར་སྟབས་སུ་འཁོན་ཤཱཀྱ་བློ་གྲོས་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་ཕོ་རྟ་ལོར་སྤྱི་ལོ་༡༡༠༢ སྒོ་རུམ་དུ་སྐུ་གཤེགས། སྐུ་གཞོན་ནུའི་དུས་སུ་ཡབ་དང་གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ལས་དབང་བཤད་དང་མན་ངག་མང་དུ་གསན་ཞིང་གསང་སྔགས་རྙིང་མ་ལ་མཁས་པར་སྦྱངས། དེ་ལས་མང་་་

འཚོ་བའི་ཤེས་བྱ།

གཟི་ལ་བརྟག་པའི་ཐབས་ཤེས་འདི་དག་ཁྱེད་ཀྱིས་ཤེས་སམ།

2023 ལོའི་ཟླ 11 ཚེས 14 ཉིན། གདོང་མཁན། 0

གཅིག གཏེར་རྒྱུ་ཡིན་མིན་བརྟག་དགོས། གལ་ཏེ་གཟི་བཟོ་བྱེད་ཀྱི་རྒྱུ་དེ་གཏེར་རྒྱུ་ངོ་མ་ལས་གྲུབ་པ་ཞིག་ཡིན་ན། དེའི་ཁྲ་རིས་ཀྱི་མདོག་རྣམས་འོ་མའི་མདོག་དང་འདྲ།གཉིས། ཚོན་མདངས་ལ་བརྟག་དགོས། གཟི་མདོག་དཀར་ནག་སྤེལ་མ་དང་། ཁམ་ནག་དང་བ་སོའི་མདོག་སྤེལ་མ། ཁམ་མདོག་དང་འོ་མའི་མདོག་སྤེལ་མ་སོགས་རིགས་མི་འདྲ་བ་བཞི་ཙམ་ཡོད། མང་ཆེ་བས་དཀར་ནག་སྤེལ་མར་དགའ་རུང་། ཁམ་ནག་དང་བ་སོའི་མདོག་སྤེལ་མར་གྲུབ་པའི་ཐའེ་ཝན་ནས་འདྲ་བཟོ་བྱས་པའི་གཟི་གསར་ལ་དགའ་མཁན་ཡང་མང་པོ་ཡོད། དེ་ལས་མང་་་

བཅད་རྩོམ།

གཉུག་སེམས་ཀྱི་འཆར་སྣང་།

2023 ལོའི་ཟླ 11 ཚེས 13 ཉིན། ཕར་ནང་དཀོན་རྒྱས་ 0

མ་བཅོས་གཉུག་སེམས་ཟླ་བའི་ལང་ཚོ་སྟེ། །
དགའ་སྡུག་ཚོར་བའི་འཕེལ་འགྲིབ་རེས་ཉིད་ཅིང་། །
ཁེར་བཞུར་གཙང་པོའི་འགྲམ་གྱི་མེ་ཏོག་བཞིན། །
སྣང་བའི་དུས་བཞི་སྐྱེལ་བསུ་ལན་མང་བྱས། །

ཚོར་བའི་གླུ་སྒྲ་རེ་རེ་རི་སུལ་ནས། །
ལྷོ་བཞུད་སྤྲིན་དང་བྱ་ཁྱུ་ལ་གྱེར་དུས། །
སོར་མོའི་འཕྲུལ་འཁོར་བསྒུལ་ཤུལ་ཚིག་གི་མཁར། །
ངལ་མེད་སྣང་བའི་གྲོང་དུ་བཞེངས་ནས་ཐལ། །

སྨྲ་སྒོའི་གཞུ་མོའི་བར་ནས་ཚིག་གི་མདའ། །
མྱི་སེམས་མེ་ལོང་ལྟོངས་སུ་འཕངས་བའི་ཤུལ། །
ཚོར་བའི་རི་མོ་མག་མོག་རབ་རིབ་ཏུ། ། དེ་ལས་མང་་་

ངག་རྩོམ།

བྱང་ཆུབ་མཆོད་པའི་མེ་ཏོག

2023 ལོའི་ཟླ 11 ཚེས 1 ཉིན། གདོང་མཁན། 0

སྣ་ཚོགས་སྤྱོད་པས་གཉིས་མེད་ལམ་བཟང་སྟོན། ། བསམ་གཏན་དག་པས་འཁྲུལ་ཞིག་ལྟ་བ་སྐྱོང་། ། ཐུགས་རྗེ་ཆེན་པོས་རིས་མེད་བསྟན་འགྲོར་དགོངས། ། འཇམ་དབྱངས་མཁྱེན་པའི་གཏེར་གྱུར་དེ་ལ་འདུད། ། ཐོག་མར་བྱང་ཆུབ་སེམས་ཀྱི་བསླབ་པ་སྩལ། ། བར་དུ་བཟང་པོ་སྤྱོད་པའི་གནས་ལུགས་བསྟན། ། དུས་གསུམ་དུས་མེད་རྟོགས་པའི་ཐུགས་རྗེ་ཅན། ། འཇམ་དཔལ་དབྱངས་དངོས་རྫོང་སར་མཁྱེན་བརྩེ་མཁྱེན། ། དེ་ལས་མང་་་

དཔེ་དེབ།

ཀཿ བྲག་མགར་གྱི་རུས་མཛོད་ཅེས་པའི་དེབ་གསར་ཐོན།

2023 ལོའི་ཟླ 11 ཚེས 1 ཉིན། གདོང་མཁན། 0

”ཀཿ བྲག་མགར་གྱི་རུས་མཛོད་”ཅེས་པའི་ཕྱག་དེབ་འདི་ནི། ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་བཀུར་འོས་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས་བརྩམས་གནང་བ་ཞིག་རེད། སྤྱི་ཚེས ༩ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༧༦ མིང་བྱང་འོག་ནས་དབུ་འབྱེད་མཛད་སྒོ་གནང་འདུག དེ་ལས་མང་་་

ཆོས་འབྱུང་།

སོ་སོར་ཐར་པའི་མདོ།

2023 ལོའི་ཟླ 11 ཚེས 1 ཉིན། གདོང་མཁན། 0

རྒྱ་གར་སྐད་དུ།པྲ་ཏི་མོ་ཀྵ་སཱུ་ཏྲ།བོད་སྐད་དུ།སོ་སོར་ཐར་པའི་མདོ།བམ་པོ་དང་པོ།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་དན་འཇིགརྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཐམས་ཅད་ཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། ། དེ་ལས་མང་་་