བཅད་རྩོམ།

བུ་མོའི་ལན་སྐྲ།

2022 ལོའི་ཟླ 12 ཚེས 13 ཉིན། ཕར་ནང་དཀོན་རྒྱས་ 0

བུ་མོའི་ལན་སྐྲ་དེ་ལ་ཅི་ཞིག་བརྒྱུས་པ། །
བུ་མོའི་མི་ཚེའི་ཁྲོད་ཀྱི་ལུག་ཁྱུ་ཡིན་པས། །
འབའ་འབའ་ཚེར་མོས་ངར་སྐད་སྒྲོག་ཐེངས་རེ་ལ། །
ལུག་གུ་འདྲ་བའི་སྙིང་སྡུག་ཞེ་ལ་འཁོར་ཡོང་། །

བུ་མོའི་ལན་སྐྲ་དེ་ལ་ཅི་ཞིག་བརྒྱུས་པ། །
བུ་མོའི་མི་ཚེའི་ནང་གི་བླ་གཡུ་ཡིན་པས། །
མཚན་ལྡན་བླ་མས་ཚེ་དབང་སྐུར་ཐེངས་རེ་ལ། །
བྱིན་རླབས་སྙིང་གི་བླ་གཡུ་དེ་ཐིམས་འགྲོ། །

བུ་མོའི་ལན་སྐྲ་དེ་ལ་ཅི་ཞིག་བརྒྱུས་པ། །
བུ་མོའི་མི་ཚེའི་ནང་གི་བདེ་སྡུག་ཡིན་པས། ། དེ་ལས་མང་་་

ངག་རྩོམ།

༧ སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གསུམ་པས་རྒྱལ་ཡུམ་ཆེན་མོ་གླེང་བ།  

2022 ལོའི་ཟླ 12 ཚེས 11 ཉིན། གདོང་མཁན། 0

ཁ་སང་སྟེ་ཕྱི་ཟླ་ ༡༢ པའི་ཚེས་ ༩ ཉིན་སྡེ་དགེ་ཡུལ་དགོན་ཁག་ནས་རྒྱལ་ཡུམ་བཀྲིས་ལྷ་སྐྱིད་མཆོག་ལ་བཀྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བར་དགའ་བའི་རྗེས་སུ་ཡི་རངས་དང་། རྒྱལ་ཡུམ་མཆོག་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ། དེ་ལས་མང་་་

ངག་རྩོམ།

༧དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོའི་ཆེ་བའི་ཡོན་ཏན་བཅུ།

2022 ལོའི་ཟླ 12 ཚེས 11 ཉིན། གདོང་མཁན། 0

དཔལ་ལྡན་ས་སྐྱ་པ་ནི་བླ་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་ཤ་སྟག་གིས་བཀང་ནས་ཡོད་པས། ས་ངོར་ཚར་རྫོང་གི་བསྟན་པའི་བདག་པོ་སྐུ་ན་བགྲེས་གཞོན་མང་པོ་ཞལ་བཞུགས་བཞིན་དུ། བརྟན་བཞུགས་ཀྱི་མཛད་སྒོ་ཆེན་པོ་དེའི་དཀྱིལ་འཁོར་ནས་ཅིའི་ཕྱིར་དམིགས་བསལ་གྱི་རྒྱལ་ཡུམ་ཆེན་མོ་ལ་གཟེངས་རྟགས་དེ་འདྲ་ཞིག་ཕུལ་བ་ཡིན་ནམ་ཞེས་ཁྱེད་ཅག་གིས་འདྲི་ན། དེ་ལ་གུས་པ་སྒེར་ངོས་ནས་ཐེ་ཚོམ་མེད་པར་རང་གི་མྱོང་བ་དང་སྦྱར་ནས་ལན་འདི་ལྟ་བུ་ཞིག་འབུལ་བར་སྤྲོ་སྟེ། དེ་ལས་མང་་་

རྒྱུན་ཤེས།

གནས་མཆོག་རྡོ་རྗེ་གདན་དང་འབྲེལ་བའི་རྒྱུན་ཤེས།

2022 ལོའི་ཟླ 12 ཚེས 5 ཉིན། གདོང་མཁན། 0

ཤེས་བྱའི་གནས་ཡིན་རུང་ཆོག ཤེས་བྱེད་ཀྱི་བློ་ཡིན་ཡང་རུང་། མདོར་ན། མུན་ནག་ལྟ་བུའི་མ་ཤེས་པ་རེ་རེ་ནི། དངོས་དང་བརྒྱུད་ནས་སྡུག་བསྔལ་རེ་རེ་ཡིན་པ་བཞིན། སྒྲོན་མེ་ལྟ་བུའི་ཤེས་རབ་རེ་རེ་ནི། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་སྒྲུབ་ཐུབ་པའི་འོད་ཀྱི་ལམ་བུ་ཅིས་མ་ཡིན། ཤེས་རབ་དང་བྱམས་བརྩེའི་བདག་ཉིད་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་སུ་སློབ་པ་ཞིག་ཡིན་ཕྱིན། དམིགས་ཡུལ་གཙོ་བོ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་དགོས་ལ། དེའི་ཆེད་དུ་མདོ་སྔགས་ཀྱི་ལམ་བཟང་སྤྱི་དང་། ཡང་སྒོས་ཐབས་རིགས་སྣ་ཚོགས་པའི་སྒོ་ནས་མ་རིག་པའི་རྒྱ་མཚོ་བརྒལ་མི་དགོས་ཞེས་སུ་ཞིག་ དེ་ལས་མང་་་

བཅད་རྩོམ།

ཨ་མ་གངས་རིའི་སྒྲོལ་མ།

2022 ལོའི་ཟླ 12 ཚེས 5 ཉིན། ཕར་ནང་དཀོན་རྒྱས་ 0

མཐའ་ཡས་མཛེས་པས་རབ་སྤུད་གངས་ཀྱི་ཕྲེང་། །
འབུམ་ཕྲག་བསྟར་བའི་དབུས་སུ་འཕྲོག་བྱེད་ཀྱི། །
སྒེག་པའི་དཔལ་ལ་འགྲན་ཕོད་མཚར་སྡུག་ཅན། །
སྲིད་པའི་ཁྱོན་ཡངས་འདི་ནས་ཁྱོད་ལས་དབེན། །
བྱམས་བརྩེས་རབ་ཕྱུག་ཞི་བའི་སྐྱོང་བྱེད་མཁན། །
ཉིད་གཤིས་རབ་འཇམ་བལ་དཀར་སོ་མ་བཞིན། །
རྩུབ་གཏམ་ནག་ཐིག་ཕྱོགས་ཙམ་མ་འདྲེས་པར། །
སྲིད་པའི་ནགས་ཀླུང་འདི་ནས་དཀར་སང་སང་། །
ལྷགས་པས་གདུང་བའི་ཤོག་བྱ་གཤོག་ཆད་ལྟར། །
ལས་རླུང་བཙན་པོས་གང་སར་ཟགས་པའི་དུས། །
མ་འཛེམས་སྙིང་རྗེས་པང་དུ་ལེགས་བླངས་ནས། ། དེ་ལས་མང་་་

བཅད་རྩོམ།

ས་སྲོད།

2022 ལོའི་ཟླ 12 ཚེས 5 ཉིན། ཕར་ནང་དཀོན་རྒྱས་ 0

འདི་ནས་འཆར་ཡན་བུ་མོས་སྣ་ཚོགས་ཀྱི་གར་སྟབས། །
ཡང་ཡང་བསྒྱུར་ཏེ་འཇིག་རྟེན་ཆེན་པོ་འདིའི་ས་སྲོད། །
སེམས་ཀྱི་མེ་ལོང་ངོས་སུ་འཆར་བ་དང་མཚུངས་པར། །
འཁྱུག་ལྡེམ་འཕྲུལ་གྱི་སོར་མོའི་རྩེད་ཆས་སུ་བསུ་འགྲོ། །
ཟླ་བའི་དཀྱིལ་འཁོར་རྒྱས་པའི་ས་སྲོད་ཀྱི་འཇིག་རྟེན། །
གཙེ་བའི་ཟིང་ལོང་མེད་པར་ལྷིང་འཇགས་ཀྱི་ཁྲོད་དུ། །
འཚོ་བའི་ལྗོན་མདོག་རྒྱས་པའི་ཏོག་ཙམ་གྱི་མཛེས་སྡུག །
སྐྱ་རེངས་སད་ཀྱིས་འཁྱེར་བའི་སྣང་གླུ་འདི་རིང་བ། །
ལས་ཀྱིས་ཡོངས་སུ་བྲེལ་བའི་མི་ཚོགས་དང་འུར་ཆོམ། ། དེ་ལས་མང་་་

གསར་འགྱུར།

༸གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས།

2022 ལོའི་ཟླ 12 ཚེས 4 ཉིན། གདོང་མཁན། 0

གནས་མཆོག་རྡོ་རྗེ་གདན་དུ་བརྗིད་ཀྱིས་ཆགས་པའི་དཔལ་ས་སྐྱའི་ལྷ་ཁང་ཆེན་མོ་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་དུ་སྒྲུབ་ཐབས་ཀུན་བཏུས་ཀྱི་གསུང་ཆོས་སྐབས་སུ་སྒ་པ་བརྩེ་ཆེན་ས་སྐྱ་པའི་རྗེས་འཇུག་ཡོངས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱ་པ་ཆེན་པོ། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་བསྟན་དང་འགྲོ་བའི་དོན་དུ་ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་ དེ་ལས་མང་་་

1 2