གསར་འགྱུར།

༧ སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ཀཱ་ལི་སྤུངས་ལ་ཆིབས་བསྒྱུར་གནང་འདུག

2020 ལོའི་ཟླ 3 ཚེས 4 ཉིན། གདོང་མཁན། 0

ཁ་རྩང་རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧ སྐྱབས་མཆོག་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་ཀཱ་ལི་སྤུངས་དཔལ་ས་སྐྱ་དགོན་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དུ་ཆིབས་བསྒྱུར་དང་སྦྲགས་དེ་གར་བླ་གྲྭ་རྣམས་བོད་མི་ཚོས་ཕེབས་བསུ་དང་སྦྲགས་གཙུག་ལག་ཁང་དུ་ཞབས་སོར་འཁོད་དེ་བླ་སློབ་ཡོངས་ལ་གང་ཞིག་བྱེད་རུང་བ་དང་གང་ཞིག་བྱེད་མི་རུང་བའི་དོན་ལ་བླང་དོར་འཇུག་ལྡོག་གི་གནས་ལ་སྨིན་པའི་ དེ་ལས་མང་་་

གསར་འགྱུར།

རྡོར་གདན་དུ་མགོན་དཀར་བསྐང་གསོ་ཚོགས་བཞིན་པ།

2020 ལོའི་ཟླ 3 ཚེས 3 ཉིན། གདོང་མཁན། 0

སྤྱི་ལོ ༢༠༢༠ ཟླ་བ་ ༣ པའི་ཚེས་༠༢ནས་༡༡བར་དུ་གདན་ས་ཆེན་མོ་ངོར་མ་དགོན་ནས་གནས་མཆོག་རྡོ་རྗེ་གདན་དུ་མགོན་དཀར་བསྐང་བ་དང་། ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་ཚོགས་བཞིན་པ་རེད་འདུག དེ་ཡང་ཟླ་༣ཚེས་༢ནས་ཚེས་༨བར་དུ་ཉིན་བདུན་ལ་མགོན་དཀར་བསྐང་བ་ཚོགས་རྒྱུ་དང་། ཟླ་༣ཚེས་༩ནས་༡༡བར་ཉིན་གསུམ་ལ་ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་ཚོགས་རྒྱུ། ཆོས་ཚོགས་ཆེན་མོ་འདིའི་གཉིས་ཀྱི་ཚོགས་མགོན་དུ་༸ངོར་མཁན་ཆེན་རྡོ་རྗེ་འཆང་༸འཇམ་དབྱངས་བསྟན་པའི་ དེ་ལས་མང་་་

ཡུལ་སྲོལ་གོམས་གཤིས།

བོད་ཀྱི་ལོ་གསར།

2020 ལོའི་ཟླ 3 ཚེས 3 ཉིན། གདོང་མཁན། 0

སྤྱིར་བཏང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་སྐད་རིགས་དང་རིག་གནས། ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས། འཚོ་བའི་གནས་བབས་བཅས་འཕེལ་འགྱུར་བྱུང་བ་དང་དུས་མཉམ་དུ་རང་རེད་བོད་ཀྱི་ལོ་གསར་གཏོང་སྲོལ་དེ་ཡང་ཡུལ་ལུང་མི་འདྲ་བ་དབང་གི་ལོ་གསར་དུས་ཆེན་སྲུང་བརྩི་མི་འདྲ་མང་པོ་ཞིག་སྣང་རྒྱུ་ཡོད་པ་དང་། དེ་ཡང་ཐོག་མར་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཞིག་གིས་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་འགྲོས་ལ་བརྟེན་ནས་ལོ་འཁོར་རེའི་མཚམས་ དེ་ལས་མང་་་

གསར་འགྱུར།

༧ དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་འདུག

2020 ལོའི་ཟླ 2 ཚེས 29 ཉིན། གདོང་མཁན། 0

༢༠༢ ལོའི་བོད་ཚེས ༤ དང་སྤྱི་ཟླ་༢ པའི་ཚེས ༢༧ ཉིན་ས་སྐྱའི་གཞིས་ཆགས་པུར་རང་ཝ་ལ་གོང་མའི་ཕོ་བྲང་དུ་དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོའི་འཁྲུངས་སྐར་དུས་ཆེན་ཟབ་རྒྱས་ཤིག་སྲུང་བརྩི་གནང་འདུག དེ་ཡང་༧ སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུས་བཞུགས་ཐོག་ནས་༧ སྐྱབས་རྗེ་འཁོན་གདུང་རྣམ་པ་དང་རྗེ་བཙུན་མ་རྣམ་པ། དེ་ལས་མང་་་

གསར་འགྱུར།

༧ སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་འདུག

2020 ལོའི་ཟླ 2 ཚེས 29 ཉིན། གདོང་མཁན། 0

དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབས་པ་བཞིན། རཱཇ་པུར་དཔལ་ས་སྐྱའི་ཆོས་སྒར་ཡན་ལག་དང་བཅས་པའི་སྒྲིག་ཁུངས་སུ་བཞུགས་བཞིན་པ་དང་ཞུགས་ཟིན་པ་ཐུན་མོང་ནས་ ༢༠༢༠ ཟླ་༢ ཚེས་༢༤ ནས་༢༨ བར་དུ་ཉིན་གྲངས་ལྔའི་རིང་དུ་རྣམ་རྒྱལ་མའི་སྟོང་མཆོད་ཀྱི་ཆོ་གའི་སྒོ་ནས་སྒྲུབ་ཞག་དང་། ཕྱི་ཚེས་༢༨ ཉིན་བརྟན་བཞུགས་དངོས་གཞི་འདེགས་འབུལ་གནང་འདུག དེ་ཡང་བརྟན་བཞུགས་སུ་དཔལ་ས་སྐྱའི་འཁོན་གདུང་རྣམ་པ་དང་རྗེ་བཙུན་མ། དེ་ལས་མང་་་

གསར་འགྱུར།

༸སྐྱབས་མགོན་༸གོང་མ་ཡབ་སྲས་སྐུ་འཁོར་ས་སྐྱའི་གཞིས་ཆགས་སུ་ཆིབས་བསྒྱུར་གནང་འདུག

2020 ལོའི་ཟླ 2 ཚེས 19 ཉིན། གདོང་མཁན། 0

༄༅། །རང་ཅག་ཚོས་བསྐལ་པ་དུ་མར་བསགས་པའི་བསོད་ནམས་ཀྱི་འབྲས་བཟང་མངོན་དུ་གྱུར་བ་བཞིན་དེ་རིང་ཕྱི་ལོ་༢༠༢༠ ཟླ་ ༢ ཕྱི་ཚེས་༡༩ ཉིན་འཕགས་ཡུལ་ས་སྐྱའི་གཞིས་ཆགས་པུ་རུ་ལྦ་ལར་འགྲོ་བ་ཡོངས་ཀྱི་འདྲེན་མཆོག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། དཔལ་ས་སྐྱ་པ་ཆེན་པོ། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་ཁྲི་འཛིན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་དུས་ཕེབས་བསུ་ཞུས་པའི་སྐབས་ཀྱི་བརྙན་པར་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་སྦན་ད་ར་ལ་ཆིབས་བསྒྱུར་གནང་འདུག

2020 ལོའི་ཟླ 2 ཚེས 17 ཉིན། གདོང་མཁན། 0

ཟླ་འདིའི་ཚེས་༡༣ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་ཆིབས་བསྒྱུར་གནང་བ་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་གཙོས་བོད་མིའི་གཞིས་ཆགས་ཀྱི་སེར་སྐྱ་མི་མང་བཅས་ནས་ཕེབས་བསུ་ཟབ་རྒྱས་དང་འབྲེལ་གཞིས་དགོན་ཐེག་ཆེན་གླིང་དུ་ཞབས་སོར་བདེ་བར་འཁོད་འདུག ༧སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེས་ཉིན་གསུམ་གྱི་རིང་མཛད་རིམ་ཁག་བསྐྱངས་ཡོད་པ་དང་། དེ་ཡང་ཕྱི་ཚེས་༡༤ ནས་༡༦ བར་ཉིན་གསུམ་གྱི་རིང་སྦྱིན་སྲེག་དང་། དེ་ལས་མང་་་

གསར་འགྱུར།

ཨ་རི་ས་སྐྱའི་དགོན་པ་ནས་རྒྱ་ནག་འུ་ཧན་ནད་ཡམས་ཆེད་དུ་སྨོན་ལམ་ཚོགས་གནང་འདུག

2020 ལོའི་ཟླ 2 ཚེས 6 ཉིན། གདོང་མཁན། 0

༸ སྐྱབས་མཆོག་༸འཁོན་གདུང་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་གིས་བྱང་ཨ་རིའི་སི་ཨ་ཀྲལ་དཔལ་ས་སྐྱའི་དགོན་པར་ཕྱི་ལོ་༢༠༢༠ ཟླ་ ༡ ཚེས་ ༣༡ ནས་དབུ་འཛུགས་ཀྱིས་དུས་ཡུན་ཉིན་གསུམ་གྱི་རིང་སེར་སྐྱ་མི་མང་ཡོངས་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཐུན་མིན་གྱི་རྗེས་གནང་དང་། བདེན་བཞིའི་སྐོར་གྱི་གསུང་ཆོས་བཀའ་འཁྲིད། དེ་བཞིན་འཆི་མེད་འཕགས་མ་སྙིང་ཐིག་གི་བཀའ་དབང་བསྩལ་གནང་མཛད་པ་སོགས་ཀྱིས་མཚོན་དགེ་རྩ་ཇི་སྙིད་སྤྱི་སངས་རྒྱས་ཀྱི་བསྟན་པ་དང་མཁའ་ཁྱབ་ཀྱི་ དེ་ལས་མང་་་

གསར་འགྱུར།

འུ་ཧན་ནད་ཡམས་ཆེད་དུ་དཔལ་རྫོང་གསར་བཤད་གྲྭའི་འདུས་མང་ནས་བཀའ་འགྱུར་དག་སྒྲོག

2020 ལོའི་ཟླ 2 ཚེས 5 ཉིན། གདོང་མཁན། 0

བསྟན་པའི་བདག་པོ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་བཀའ་དགོངས་བཞིན། འཕགས་ཡུལ་རྫོང་སར་བཤད་གྲྭའི་འདུས་མང་ནས། ད་སྐབས་རྒྱ་ནག་འུ་ཧན་གཙོས་པའི་རྒྱ་ནག་གི་ས་ཁུལ་མང་པོ་དང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་དུ་མའི་ནང་ཏོག་དབྱིབས་གསར་པའི་ནད་ཡམས་ཀྱིས་འགྲོ་བ་མིའི་ལུས་དང་སེམས་ལ་སྡུག་བསྔལ་ཆེན་པོ་བཟོ་བཞིན་པར། ཏོག་དབྱིབས་ནད་ཡམས་མྱུར་དུ་ཞི་ནས་མི་རྣམས་སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་དམིགས་ནས་སྤྱི་ལོ་2020ཟླ་བ་2ཚེས་7ནས་བཟུང་རྒྱལ་བའི་བཀའ་ དེ་ལས་མང་་་

གསར་འགྱུར།

འཕགས་ཡུལ་རཱ་ཛ་པུར་དཔལ་ས་སྐྱའི་ཆོས་སྒར་དུ་ཝུ་ཧཱན་ནད་ཡམས་ཞི་བའི་ཆེད་དུ་ལྷ་མོ་རི་ཁྲོད་མ་ལོ་མ་གྱོན་མའི་བུམ་སྒྲུབ་འཚོགས་གནང་འདུག

2020 ལོའི་ཟླ 2 ཚེས 5 ཉིན། གདོང་མཁན། 0

དེ་རིང་སྤྱི་ལོ་ ༢༠༢༠ཟླ་ ༢ ཚེས་ ༥ ནས་བཟུང་ཉིན་ལྔའི་རིང་འཕགས་ཡུལ་རཱ་ཛ་པུར་དཔལ་ས་སྐྱའི་ཆོས་སྒར་དུ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་༸སྐྱབས་མགོན་ཛྙ་ན་བཛྲ་རིན་པོ་ཆེ་རྣམ་གཉིས་ཚོགས་མགོན་དབུ་བཞུགས་ཐོག དགེ་འདུན་འདུས་མང་ནས་རྒྱ་ནག་གི་གྲོང་ཁྱེར་ཏོག་དབྱིབས་ཅན་གྱི་ནད་ཡམས་དེ་མྱུར་དུ་བཟློག་ཆེད་ལྷ་མོ་ལོ་གྱོན་མའི་བུམ་ཆོག་འཚོགས་བཞིན་པའི་ཡིན་འདུག་པས། རྒྱ་ཆེ་མང་ཚོ་ནས་་རང་རང་སོ་སོས་ལྷ་མོ་ལོ་གྱོན་མའི་ དེ་ལས་མང་་་

ངག་རྩོམ།

སྤར་བྱང་སྨོན་ཚིག

2020 ལོའི་ཟླ 2 ཚེས 5 ཉིན། གདོང་མཁན། 0

གསེར་གྱི་མདོག་ཅན་མཚན་དཔའི་དཔལ་འབར་སྐུ།།རབ་སྙན་ཚངས་དབྱངས་ཐེེག་གསུམ་ལམ་སྟོན་གསུངས།། མཁྱེན་གཉིས་ཡེ་ཤེས་ཐུགས་མངའ་བཅོམ་ལྡན་འདས།།ཐུབ་དབང་སྲས་བཅས་སྒོ་གསུམ་ཕྱག་གི་ཡུལ།།ཐུབ་པའི་རྒྱལ་ཚབ་རྗེ་བཙུན་གོང་མ་ལྔ།།ངོར་ཆེན་ཡབ་སྲས་ཚར་ཆེན་ཆོས་ཀྱི་རྗེ།།རིགས་གསུམ་རྣམ་སྤྲུལ་འཁོན་སྟོན་རིམ་བྱོན་སོགས།།བརྒྱུད་པར་བཅས་ལ་དད་གསུམ་བློ་ཡི་འདུད།།
འགྲོ་བའི་སྡུག་ཀུན་ནད་སེལ་སྨན་གྱི་མཆོག།།མངོན་མཐོ་ངེས་ལེགས་བདེ་སྟེར་ཐུབ་དབང་གསུངས།།དམ་ཆོས་བདུད་རྩིའི་འཆད་ཉན་རྒྱུན་འཕེལ་ཞིང་།།ཡུན་དུ་གནས་ཕྱིར་འཕྲུལ་གྱི་སྤར་དུ་བསྐྲུན།།འདི་ཡིི་དགེ་བས་ཡོངས་རྫོགས་རྒྱལ་བསྟན་དང་།།བྱེ་བྲག་ཐུབ་དབང་གཉིས་ས་སྐྱ་པའི།།རྣམ་དག་བཀའ་སྲོལ་མདོ་རྒྱུད་སྙིང་པོའི་བསྟན།།སྲིད་མཐའི་བར་དུ་དར་ཞིང་རྒྱས་གྱུར་ཅིག།། དེ་ལས་མང་་་

གསར་འགྱུར།

ཝུ་ཧཱན་ནད་ཡམས་ཞི་བའི་ཆེད་དུ་ལྷ་མོ་རི་ཁྲོད་མ་ལོ་མ་གྱོན་མའི་བུམ་སྒྲུབ་འཚོགས་གནང་འདུག

2020 ལོའི་ཟླ 2 ཚེས 4 ཉིན། གདོང་མཁན། 0

དེ་རིང་ནས་བཟུང་འཕགས་ཡུལ་དཔལ་ས་སྐྱའི་གདན་ས་ངོར་ཨེ་ཝཾ་ཆོས་ལྡན་དུ་༧སྐྱབས་མཆོག་དམ་པ་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། ༧སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་འདུས་སྤྱི་ནས་ཉིན་གསུམ་རིང་། ཝུ་ཧཱན་ནད་ཡམས་ཞི་ཆེད་དང་། སེམས་ཅན་ཐམས་ཅད་རིམས་ནད་དང་། བགེགས་དང་འབྱུང་པོ་ཐམས་ཅད་ཀྱི་གནོད་པ་སྲུང་བའི་ལྷ་མཆོག་ལྷ་མོ་རི་ཁྲོད་མ་ལོ་མ་གྱོན་མའི་སྒོ དེ་ལས་མང་་་

གསར་འགྱུར།

༸འཁོན་གདུང་སིདྷཱནྟ་བཛྲ་རིན་པོ་ཆེའི་འཁྲུངས་སྟོན་གནང་འདུག

2020 ལོའི་ཟླ 2 ཚེས 2 ཉིན། གདོང་མཁན། 0

༄༅། །དེ་རིང་སྟེ། སྤྱི་ལོ ༢༠༢༠ སྤྱི་ཟླ་ ༢ པའི་ཚེས ༢ ཉིན་༸སྐྱབས་མགོན་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་སྐུ་འཁོར་ལྷན་རྒྱས་དང་གསར་དུ་འཁྲུངས་པའི་འཁོན་གདུང་སིདྷཱནྟ་བཛྲ་རིན་པོ་ཆེ་མཆོག་ར་ཛཱ་པུར་བཞུགས་སྒར་སྒྲོལ་མ་ཕོ་བྲང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་པ་དང་སྦྲགས་དཔལ་ས་སྐྱའི་༸སྐྱབས་མགོན་༸ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག་འཁོན་གདུང་སིདྷཱནྟ་བཛྲ་རིན་པོ་ཆེ་མཆོག་གི་འཁྲུངས་སྟོན་རྟེན་འབྲེལ་དུས་སྟོན་སྲུང་བརྩི་གནང་འདུག དེ་ལས་མང་་་

གསར་འགྱུར།

ཆོས་སྒར་དུ་ས་མདོས་ཆེན་མོ།

2020 ལོའི་ཟླ 1 ཚེས 23 ཉིན། གདོང་མཁན། 0

དེ་རིང་སྤྱི་ལོ ༢༠༢༠ ཟླ་བ ༡ ཚེས ༢༣ དང་བོད་ཚེས་ཉེར་དགུ་ཉིན་བྱེས་ཀྱི་གདན་ས་ཆེན་མོ་ས་སྐྱའི་ཆོས་སྒར་དུ་མདོས་ཆེན་ཆེན་པོའི་ཉིན་མཐའ་མའི་གཏོར་རྒྱག་གནང་འདུག སྤྱི་རྡོ་རྗེ་ནག་པོ་ཆེན་པོའི་མདོས་ཟོར་གཙོ་གྱུར་གྱི་མདོས་ཀྱི་རྣམ་གཞག་སོགས་དཔལ་ས་སྐྱ་གོང་མ་ཡབ་སྲས་རྣམས་ཀྱི་ཡིག་ཆ་བཞིན་ཉམས་སུ་ལེན་ཚུལ་ས་ལོ་འཇམ་པའི་རྡོ་རྗེ་སོགས་བླ་མ་གོང་མ་མང་པོའི་ཕྱག་ལེན་ལ་མཛད་པའི་དབྱངས་རོལ་འཆམས་སོགས་རྒྱས་འབྲིང་བསྡུས་གསུམ་ཇི་ལྟར་འཇུག་ དེ་ལས་མང་་་

དཔྱད་རྩོམ།

ཚད་མ་རིགས་གཏེར་གྱི་རིག་གཞུང་རིན་ཐང་དང་ཕྱིས་བྱུང་མཁས་པས་འགྲེལ་བ་ཅི་ཙམ་མཛད་ཡོད་ཚུལ་སྐོར་གླེང་བ།

2020 ལོའི་ཟླ 1 ཚེས 22 ཉིན། གདོང་མཁན། 0

ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཚད་མ་རིགས་གཏེར་ནི་རྒྱ་གཞུང་ལ་མ་བསྟེན་པར་བོད་རང་རྐང་གི་བསམ་བློས་བརྩམས་པའི་ཚད་མའི་བསྟན་བཅོས་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། བསྟན་བཅོས་འདི་བརྩམས་རྗེས་དེའི་སློབ་རྒྱུད་འཛིན་པ་མང་དུ་བྱུང་ནས་བོད་ཀྱི་ཚད་མ་རིག་པ་འཕེལ་རྒྱས་འགྲོ་བར་གལ་ཆེའི་ནུས་པ་ཐོན་ཡོད་པས། འགོས་ལོ་གཞོན་ནུ་དཔལ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་བོད་དུ་དེང་སང་གི་བར་རྣམ་འགྲེལ་དར་བ་ས་པཎ་དང་འུ་ཡུག་པ་རྣམ་གཉིས་ཀྱི་དྲིན་ཡིན་ཞེས་གདེང་འཇོག་གནང་ཡོད་པ་ལྟར། བསྟན་བཅོས་འདི་ལ་རིག་གཞུང་ཞིབ་འཇུག་གི་དགོས་པ་དང་རིན་ཐང་ཆེར་ལྡན་ཡང་། དེ་ལས་མང་་་

1 15 16 17 18 19 70