རྡོར་གདན་དུ་མགོན་དཀར་བསྐང་གསོ་ཚོགས་བཞིན་པ།

གནས་མཆོག་རྡོ་རྗེ་གདན་དུ་མགོན་དཀར་བསྐང་བ་ཚོགས་གནང་འདུག དེ་ཡང་སྤྱི་ལོ༢༠༢༠ཟླ་བ་༣པའི་ཚེས་༠༢ནས་༡༡བར་དུ་གདན་ས་ཆེན་མོ་ངོར་མ་དགོན་ནས་གནས་མཆོག་རྡོ་རྗེ་གདན་དུ་མགོན་དཀར་བསྐང་བ་དང་།ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་ཚོགས་བཞིན་པ་རེད་འདུགདེ་ཡང་ཟླ་༣ཚེས་༢ནས་ཚེས་༨བར་དུ་ཉིན་བདུན་ལ་མགོན་དཀར་བསྐང་བ་ཚོགས་རྒྱུ་དང་།ཟླ་༣ཚེས་༩ནས་༡༡བར་ཉིན་གསུམ་ལ་ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་ཚོགས་རྒྱུ།ཆོས་ཚོགས་ཆེན་མོ་འདིའི་གཉིས་ཀྱི་ཚོགས་མགོན་དུ་༸ངོར་མཁན་ཆེན་རྡོ་རྗེ་འཆང་༸འཇམ་དབྱངས་བསྟན་པའི་ཉི་མ་མཆོག་དང་།༸འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ།༸ངོར་ཀླུ་ལྡིང་སྐུ་གཞོན་མཁན་རིན་པོ་ཆེ།༸ངོར་ཐར་རྩེ་མཁན་རིན་པོ་ཆེ།༸ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ།༸ངོར་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་རྣམ་པ་གཙོས།དེ་བཞིན་དུ་སྤྲུལ་སྐུ་དང་མཁན་པོ།ངོར་མ་དགོན་གྱི་དགེ་འདུན་རྣམས་དང་།ངོར་རྒྱུད་བཤད་གྲྭའི་དགེ་འདུན་པ་ཡོངས་དང་།གཞན་ཡང་དགོན་སྡེ་ཕྱོགས་མཐའ་ཁག་ནས་ཕེབས་གྲྭ་པ་རྣམས་ལྷན་དུ་ཚོགས་ནས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམ་སྐུ་ཚེ་ཞབས་པད་བརྟན་ཆེད་དང་།འཛམ་གླིང་ཞི་བདེ་ཡོང་བའི་ཐུགས་སྨོན་རྒྱ་ཆེན་པོའི་སྒོ་ནས་ཉིན་བཅུ་ལ་འཚོགས་འཆར་ཡོད་རེད་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*