བསྟོད༌ཚིག༌གངས༌རི༌དཀར༌པོ།

རྩོམ་པ་པོ། ཀཿབྲག་བསོད་ནམས།

བསྟོད༌ཚིག༌གངས༌རི༌དཀར༌པོ།
དཔལ༌ལྡན༌ས༌སྐྱ༌གོང༌མ༎
སྔོན༌བྱོན༌རྒྱལ༌བ༌རྣམས༌ཀྱིས༎
ལུང༌བསྟན༌བྱིན༌གྱིས་རླབས༌པས།།

ཁྱེད༌ཉིད༌མཐོ༌སྒང༌འདི༌ལ༎
བྱོན༌པ༌སྙིང༌ནས༌ལེགས༌སོ༎

དྲིན༌ཆེན༌ཡིད༌བཞིན༌ནོར༌བུས༎
འཛམ༌གླིང༌ས༌ཕྱོགས༌ཡོངས༌ལ༎
བྱམས༌དང༌སྙིང༌རྗེ༌བཅངས༌ནས༎
རྒྱལ༌ཁམས༌མུན༌པ༌ཐམས༌ཅད༎
དམ༌ཆོས༌སྣང༌བས༌སེལ༌སོང་།།

ཁྱོད༌ཀྱི༌སྐུ༌གསུང༌ཐུགས༌ཀྱིས༎
ཚོགས༌གཉིས༌རྒྱ༌མཚོ༌བསྲུབས༌ནས༎
རིས༌མེད༌དམ༌ཚིག༌གཙང༌མས།།
འཛམ༌གླིང༌ས༌ཕྱོགས༌ཀུན༌ལ༎
ཁྱོད༌ཀྱི་འཕྲིན༌ལས༌ཁྱབ༌སོང༌༎

ཁྱོད༌ཀྱི༌འཁྲུངས༌སྐར༌ཉིན༌མོ༎
འཛམ༌གླིང༌ས༌ཕྱོགས༌ཡོངས༌ནས༎
ཁྱོད༌ཀྱི༌སློབ༌འབངས༌དུ༌མས༎
འཁྲུངས༌སྐར༌དགེ༌བའི༌ཉིན༌ལ༎
བཀྲ༌ཤིས༌བདེ༌ལེགས༌ཞུས༌ཡོད༎

ཁྱོད༌ནི༌བདག༌གི༌བླ༌མ༎
ཁྱོད༌ནི༌བདག༌གི༌ཡིད༌དམ༎
ཁྱོད༌ནི༌བདག༌གི༌ཆོས༌སྐྱོང༌༎
ཇི༌སྲིད༌འཁོར༌བ༌མ༌སྟོང༌༎
དེ༌སྲིད༌བྱིན༌རླབས་གནང༌རོགས༎

ཨེ༌མ༌སྙིགས༌མའི༌དུས༌འདིར༎
མགོན༌མེད༌འགྲོ༌བའི༌ཆེད༌དུ༎
འདྲེན༌མཆོག༌ས༌སྐྱ༌གོང༌མ༎
ཞབས༌པད༌རྡོ༌རྗེ༌ཁམས༌སུ༎
མི༌འགྱུར༌རྟག་བརྟན༌བཞུགས༌རོགས༎

༢༠༡༨/༩/༨ཉིན་་་ཀཿབྲག་བསོད་ནམས་ཀྱིས་
ལྷོ༌མཐའ༌རྒྱ༌མཚོའི༌ཉེ༌འགྲམ༌ནས༌༌༌༌ཤར༌མར་བྲིས༎

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*