༧ སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་བལ་ཡུལ་ཆིབས་བསྒྱུར་བསྐྱངས་གནང་འདུག

དེ་རིང་ཕྱི་ཟླ་ ༩ པའི་ཚེས་ ༥ ཉིན་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་བལ་ཡུལ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་དུ་ཞབས་སོར་བཀའ་དྲིན་བསྐྱངས་ཤིང་། དེ་སྐབས་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ། མཁན་པོ་འབྱོར་ལྡན། རྫོང་སར་བཤད་གྲྭའི་མཁན་ཆེན་རྣམ་གཉིས་བཅས་ཀྱིས་ཕེབས་བསུ་ཞུས་ཏེ། གཟིམ་ཆུང་དུ་ཞབས་སོར་འཁོད་གྲུབ་པ་དང་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་འགན་འཛིན་མཁན་པོ་འབྱོར་ལྡན་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་མཛད། ཕྱི་ཚེས་ ༧ ཉིན་ནས་ལོ་འདིའི་བཀའ་ཆོས་ཀྱི་མཛད་རིམ་དབུ་འཛུགས་གནང་རྒྱུ་རེད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*