ཁྱེད་ལ་འདི་འདྲའི་དྲན་ཚུལ་ཡོད་མྱོང་དམ།

རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། 

ང་ཚོས་རྒྱུན་དུ་མཚམས་བཞུགས་དགོས་ཟེར་རེད། འདིས་ཁྱེད་མཚམས་གཅོད་ཞིག་བཟོ་བར་མཚན་རེད། མཚམས་གཅོད་དེ་ག་འདྲ་ཞིག་རེད་ཟེར་ན། རང་སྒོ་འདིའི་ཕྱི་ལ་མི་འགྲོ། གཞན་འདིའི་ནང་དུ་མི་འོངས། དེ་ནས་ཁྱེད་ནང་དུ་སྡོད་རེད། རླུང་འཁོར་དང་ཁ་པར་ལ་སོགས་པའི་འུར་སྒྲ་ལས་རྒྱང་རིང་དུ་བྲལ་བ། དེ་ནས་ཁྱེད་བདེ་ལྷོད་ལྷོད་འདུག་རེད། རང་ལ་སྣེ་ལེན་བཟང་པོ་ལྟར་བཟོ་ནས། ཁྱེད་ནང་དུ་སྡོད་ཡོད་པ་ཞིག་མཚན་རེད། དེ་ནས་ཁྱེད་ཀྱིས་་འདས་པའི་བྱ་བ་རྣམས་ལ་བསམ་བློ་གཏོང་། མ་འོངས་པའི་བྱ་བ་ཐམས་ཅད་ལ་འཆར་གཞི་ལེགས་པོ་བཟོ་ནས། ཟླ་འགའ་ཞིག་རྗེས་ལ། ཁྱེད་སྒོ་ཕྱིར་བུད་རེད། ཁྱེད་སྔ་ལས་ཅུང་ཙམ་རྒྱགས་པ་འགྱུར་རེད། དེ་ནས་ཁྱེད་ཀྱིས་གཞན་ལ་ཟེར་ནས། ང་འདིའི་མཚམས་བཞུགས་སྒྲུང་དང་། དེའི་མཚམས་བཞུགས་སྒྲུང་བཤད་རེད། འོན་ཀྱང་དེ་ནས་ཁྱེད་ཀྱིས་དངོས་གནས་ལ་རྣམ་རྟོག་ཁོ་ན་གོང་འཕེལ་གཏོང་བཞིན་རེད། གཟུངས་སྔགས་ལས་ཀྱས་རྣམ་རྟོག་མང་བར་གཏང་རེད། གལ་ཏེ་ཁྱེད་ཁྱེད་ཀྱིས་གཟུངས་སྔགས་འདོན་ཀྱང་། བདག་འཛིན་དབང་གིས་འགྲོ་རེད། རྒྱུ་མཚན་ནི་གཟུངས་སྔགས་ཚང་མ་འདོན་ཚར་བཅུག་དགོས་བསམ་བར་དང་། གཞན་ལས་ལྷག་པའི་མི་ཞིག་བཟོ་དགོས་བསམ་པ་དང་། དགེ་རྒན་བཟང་པོ་ཞིག་བཟོ་འདོད་དང་། བསམ་གཏན་པ་བཟང་པོ་ཞིག་བཟོ་འདོད་བར་རེད། འདི་འདྲའི་བསམ་ཚུལ་ཚང་མ་སྒེར་སེམས་རེད་འདུག །གལ་ཏེ་ཁྱེད་ཀྱི་དམིགས་ཡུལ་འདི་འདྲ་ཡིན་ན། མཚམས་བཞུགས་དགོས་དོན་གཏན་ནས་ཡོད་བར་མ་རེད།

བསོད་ནམས་མེད་ན། ཁྱེད་ལ་དུས་ཚོད་མང་པོ་ཡོད་རེད། དེ་ནས་ཁྱེད་ཀྱིས་དམ་ཆོས་བསྒྲུབ་རྒྱུ་དེ་རྗེས་་ལ་བཞག་རེད། ཉིན་ག་གེ་མོ་ཞིག་ལ་བཞག་རེད། ཁྱེད་ཀྱིས་གྲ་སྒྲིག་བྱས་ཟིན་པའི་དུས་ཤིང་ལ་བཞག་བར་རེད། འོན་ཀྱང་དེ་འདྲའི་ཉིན་མོ་ཞིག་ནམ་ཡང་འོངས་རྒྱུ་ཡོད་མ་རེད། ཁྱེད་ཀྱི་བསམ་སྟོང་ཞིག་ལ། མ་འོངས་པ་ཆ་རྐྱེན་ཐམས་ཅད་ཚང་དུས། ཆོས་བསྒྲུབ་པའི་མགོ་འཛུགས་བསམ་ཡོད་རེད། ཁྱེད་ཀྱིས་རྒྱུན་དུ་རང་གིས་རང་ལ་དེ་ཟེར་རེད། ལས་ཀ་ཚང་མ་ལས་ཚར་བར་སྒུག་ནས་ཆོས་བསྒྲུབ་བསམ་བ་དང་། བྱ་བ་མང་པོ་ཞིག་གིས་ཁྱེད་ཀྱིས་ལས་བར་སྒུག་བཞིན་ཡིན་བསམ་བར་རེད། གལ་ཏེ་ལས་ཀ་དེ་དག་ལས་མ་ཟིན་བར་དུ་ཁྱེད་ཀྱིས་ཆོས་མི་སྒྲུབ་ན། དེ་ན་ཁྱེད་ལ་ཆོས་སྒྲུབ་པའི་དུས་ཚོད་ཞིག་ནམ་ཡང་ཡོད་བར་མ་རེད། དེ་ནས་ཁྱེད་མི་ཁོམ་ཁོ་ན་དབང་གིས་ཚེ་ཕྱི་མའི་ལམ་ལ་འཕུལ་འགྲོ་ངེས་སོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*