ཐང་དཀྱིལ་གྱི་ལྕགས་དྲར་ཚུད་པའི་བསང་མཆོད་སྟེགས་བུ།

ཧུན • དུར་རོ།

སྔོན་ཆད་མེས་པོ་རལ་བ་ཅན་དག་གིས་མཆོད་མཆོད་སྟོད་སྟོད་བྱ་ཡུལ་གྱི་སྟེགས་བུ་བཀོད་ལེགས་པ་ཞིག་ཐང་དཀྱིལ་ན་ཀྲོང་ངེར་ཡོད། ང་རང་ཞང་བོས་འཁྲིད་དེ་མེས་པོ་ཚོ་དང་ལྷན་དུ་ཀི་ཀི་བསྭོ་བསྭོའི་ཁ་གཡང་ཟད་མཐའ་བྲལ་བ་ཞིག་དབྱར་གནང་སྐབས་སུ་དུས་རྒྱུན་འབོད་དུ་འགྲོ་བའི་སྲོལ་ཡོད། ད་ལྟ་ཕྱིར་འདང་རེ་བྱས་ན་དེ་ནི་དངོས་གནས་དབྱར་གནང་སྐབས་ཀྱི་སྤྲོ་བསང་སྐྱིད་པོ་ཞིག་གི་གྲས་ཡིན་པ་ནི་གདོན་མི་ཟ་བར་བདེན་ཁ་སྟེར་ཆོག་པ་ཞིག་རེད་འདུག  ཅི་ཡིན་འདི་མིན་གྱི་དུས་ཚོད་ནི་མུན་ནས་འཇིགས་སྐྲག་སྐྱེས་དགོས་པའི་བྱ་དངོས་ཤིག་རེད་ཟེར་བ་ནི་ཅི་མ་བདེན། ཕོ་ལོ་ཉེར་ལྔའི་སྐས་ཐེམ་ལ་བརྒལ་ནས་དེ་རིང་ནས་ཐོན་དུས། ཕྱིར་མིག་ཁྲོད་ཀྱི་རེ་སྨོན་དང་དད་རྟེན་གྱི་བསང་མཆོད་སྟེགས་བུ་དེ་ཡང་ཐང་དཀྱིལ་གྱི་ལྕགས་དྲའི་ནང་ན་བེའུ་དང་རྟེའུ་ཚོ་དང་འདྲ་བར་བཙན་གྱིས་བཙུད་འདུག་པར་མ་ཟད། སྔོན་མེས་པོའི་དུས་སུ་བསང་མཆོད་སྟེགས་བུའི་སྟེང་ཕྱོགས་སུ་དཀར་སེར་དམར་ལྗང་གི་རླུང་རྟ་སྣ་ཚོགས་བསྒྲེང་འདུག་པ་དག་ཀྱང་། ད་ལྟ་རུལ་ནས་ཟགས་ཏེ་གང་སར་འཐོར་བའི་ཤོག་རལ་དག་དང་ཅི་ནས་མི་མཚུངས་སམ། ངས་ཁེར་རྐྱང་ངང་ལྕགས་དྲའི་རྒྱབ་ཕྱོགས་ནས་བསང་མཆོད་སྟེགས་བུ་ཡོད་སའི་ཐང་དཀྱིལ་ལ་ཡང་ཡང་བལྟས། ཅི་ཞིག་མཚོན་དགོས་ཡོད་པ་མི་ཤེས་མོད། གང་ལྟར་ཡོད་ཚད་ཁེར་རྐྱང་དང་རེ་བ་ཟད་སོང་བའི་བདེན་དཔང་ཞིག་མངོན་འདུག་བསམ་པའི་སྟོང་དབྱིངས་ཀྱི་སྐར་མ་ལྟ་བུ་ཞིག་བློ་ཡུལ་ལ་ཡང་ཡང་འཚེར། མཇུག་མཐར་ང་རང་རང་ཉིད་ཀྱི་ལོབ་ཕྱོགས་ལྟར་ཁེར་རྐྱང་ངང་ཁེར་གླུ་ཞིག་ཡང་ཡང་བླངས་མཐར། ཉི་ནུབ་གྱི་ཕྱིར་མིག་ལ་ལྟ་གྱིན་ལམ་ལ་མི་ཆས་ཀ་མེད་བྱུང་།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*