ས་སྐྱ་བསྟན་ཕན་གླིང་ནས་གནས་བརྟན་སྡེ་པའི་སངས་རྒྱས་འཁྲུངས་སྐར་བརྩི་སྲུང་གནང་བ།

ཨོ་སུ་ཏྲོ་ལེ་ཡའི་ས་སྐྱ་བསྟན་ཕན་གླིང་གི་༧ སྐྱབས་རྗེ་གདུང་རྒྱུད་སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་ཆོས་ཚོགས་ནས་དུས་རྒྱུན་ཆོས་ཕྱོགས་དང་འབྲེལ་བའི་བཀའ་ཆོས་དང་ནང་ཆོས་ངོ་སྤྲོད།  བོད་མིའི་གནས་ཡུལ་ཁག་ལ་རོགས་སྐྱོར་སོགས་ཀྱི་དཔེ་བཟང་ཅན་གྱི་ཕྱག་ལས་གནང་མུས་རེད།  དེ་བཞིན་དུ་དེ་རིང་གནས་བརྟན་སྡེ་པའི་བསྟན་པ་དར་ཡུལ་དུ་ནང་པའི་རྗེས་འཇུག་ཚོས་སྟོན་མཚོག་ཐུབ་པའི་དབང་པོའི་དུས་ཆེན་གསུམ་འཛོམས་ཞེས་སངས་རྒྱས་འཁྲུངས་པའི་ཉིན་མོ་ཞེས་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་ལ་བརྩི་སྲུང་གནང་དང་གནང་མུས་ལྟར།  

རིན་པོ་ཆེ་གཙོས་ཆོས་ཚོགས་ཀྱི་འཐུས་མི་དང་དད་ལྡན་བོད་མི་དང་མི་རིགས་གཞན་སོགས་གང་མང་རྒྱས་འཛོམས་ཐོག་ནས་སངས་རྒྱས་ཀྱི་འཁྲུངས་བརྩི་སྲུང་གནང་འདུག 

ཞོགས་པའི་ཆུ་ཚོད 10:30  ༧སྐྱབས་རྗེ་གདུང་རྒྱུད་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་། དེའི་རྗེས་སུ་ཞོགས་པའི་ཆུ་ཚོད་བཅུ་གཅིག་ཐོག་ཏུ།  མར་མེ་སྨོན་ལམ་དབྱངས་དང་འབྲེལ་ནས་གསུང་གནང་བ།  

ཨོཾ་ཨཱ་ཧཱུཾཿ     ལན་གསུམ་བཟླས། རིན་ཆེན་ཀོང་བུ་སྟོང་གསུམ་འཇིག་རྟེན་གྱི།།ཁོར་ཡུག་ཆེན་མོའི་ཚད་དང་མཉམ་པའི་ནང་།།ཞུན་མར་མཐའ་ཡི་རྒྱ་མཚོ་འཁྱིལ་བའི་ཀློང་།།སྡོང་བུ་རི་རྒྱལ་ལྷུན་པོ་ཆགས་པའི་རྩེར།།ཡེ་ཤེས་རང་མདངས་གསལ་བའི་སྒྲོན་མེ་སྤར།།འོད་ཀྱིས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི།།མ་རིག་མུན་པ་བསེལ་ཞིང་ཤེས་རབ་ཀྱི།།སྣང་བས་སེམས་ཀྱི་དེ་ཉིད་མཐོང་བར་ཤོག།གྲངས་ཀྱི་རྡུལ་སྙེད་སངས་རྒྱས་རེ་རེའི་མདུན།།མར་མེ་ཐོགས་པའི་ལྷ་མོ་དེ་སྙེད་དུ།།སྤྲོས་པས་མུ་མེད་ཕྱོགས་བཅུའི་ཞིང་ཐམས་ཅད།།རྒྱས་པར་བཀང་སྟེ་ཚོགས་གཉིས་རྫོགས་པར་ཤོག།སྣང་གསལ་མར་མེ་དེ་ཡི་བསོད་ནམས་ཀྱིས།།བདག་སོགས་འཁོར་བའི་མུན་པར་ལྷུང་བ་རྣམས།།སྣང་ནས་སྣང་བའི་མཐར་ཐུག་མྱུར་བགྲོད་དེ།།ཀུན་མཁྱེན་ཡེ་ཤེས་སྣང་བ་འཐོབ་པར་ཤོག། །། ཞེས་གསུངས་སོ། 

དེ་ནས་རིམ་པའི་ཉིན་གཅིག་ཆོས་ཕྱོགས་དང་འབྲེལ་བའི་མཛད་རིམ་ཆ་ཚང་བརྩི་སྲུང་གནང་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*