༧སྐྱབས་མགོན ༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་སྒྲོལ་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཞག་གནང་བཞིན་པ།

༧དཔལ་ས་སྐྱའི་ཆོས་སྒར་དུ་འདི་ཟླ་བའི་ཕྱི་ཚེས། ༨ ནས། ༡༢ བར་ཉིན་གྲངས་ལྔའི་རིང་། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ།  སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་༧སྐྱབས་གཅིག་འཁོར་ལོས་མགོན་པོ་དཔལ་ས་སྐྱའི་སྐྱབས་མགོན ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་ཆེད་དུ་དམིགས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཆོ་གའི་སྒོ་ནས་སྒྲུབ་ཞག་གནང་རྒྱུ། དེ་ཡང་། དཔལ་༧ སྐྱབས་མགོན་ ༧གོང་མ་ཁྲི་འཛིན་ ༤༢་པ་ཆེན་པོ་མཆོག་དང་༧སྐྱབས་མགོན་ཁྲི་འཛིན་ ༤༣ པ་ཆེན་པོ་མཆོག། ༧ སྐྱབས་རྗེ་འཁོན་གདུང་ཨ་བྷི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་འཁོན་གདུང་ཨ་སངྒྷ་རིན་པོ་ཆེ་མཆོག  ༧སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དང་༧ སྐྱབས་རྗེ་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་བཅས་བཞུགས་ཐོག་ནས་གྲྭ་བཙུན་གཉིས་རྒྱས་འཛོམས་ཀྱིས་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་སྒྲོལ་དཀར་སྒྲུབ་ཞག་ཉིན་དང་པོ་ཚོགས་བཞིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*