བོད་ཀྱི་ཆུ་བོ་ཆེན་པོ་བཞི་རྒྱ་གར་ལ་བབས་ཚུལ་སྙིང་བསྡུས།

༡༽ རྟ་མཆོག་ཁ་འབབ་ནི་ཀོང་པོ་བརྒྱུད་ནས་རྒྱ་གར་བྱང་ཤར་ཨ་སམ་ནས་བབས་ཏེ་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོར་བབས་བཞིན་ཡོད།( པཀྵཱུ། འབར་མ་པུ་ཏར།  Brahmaputra)  

རྟ་མཆོག་ཁ་འབབ། སྟོད་ཀྱི་གངས་རིན་པོ་ཆེའི་ཤར་ཕྱོགས་ནས་འབབ་པའི་ཆུ་ཀླུང་ཆེན་པོ་དེ་ཉིད་རྒྱལ་རྩེ་བར་འོང་བ་དེ་ནས་ཉང་ཆུ་དང་འདྲེས་ཏེ་ལྷ་སའི་སྨད་བརྒྱུད་ཆུ་ཤུལ་བར་དང་། ཆུ་ཤུལ་ནས་ལྷ་སའི་ཆུ་དང་འདྲེས་ནས་ཡར་ལུང་བརྒྱུད་པ་ལ་ཡར་ལུང་གཙང་པོར་འབོད་ཅིང་། དེ་ནས་ཀོང་པོ་བརྒྱུད་རྒྱ་གར་ཤར་ཕྱོགས་ཨ་སམ་མངའ་སྡེའི་བྱང་ཤར་ནས་ནུབ་བརྒྱུད། ཤར་པའི་ཀི་སི་ཐན་གྱི་བྱང་ནས་ལྷོ་བར་དཀྱིལ་དྲང་པོ་བརྒྱུད་ཧིན་རྡུ་རྒྱ་མཚོར་འབབ་པ་དེ་ཡིན།)

༢༽ རྨ་བྱ་ཁ་འབབ་ནི་སྤུ་ཧྲེང་བརྒྱུད་ནས་བལ་ཡུལ་ནུབ་རྒྱུད་བབས་པ་དང་། དེ་ནས་རྒྱ་གར་རྒྱ་མཚོར་བབས་བཞིན་ཡོད།(སི་ཏ། ཀར་ན་ལི karnali)

 (བོད་ཡུལ་ནི་ཆུ་ཀླུང་མང་པོའི་འབྱུང་ཁུངས་ཡིན། རྨ་བྱ་ཁ་འབབ་ནི་ཁ་འབབ་བཞིའི་ཡ་གྱལ་ཞིག་སྟེ།ལེགས་སྦྱར་སྐད་ དུ་ཆུ་བོ་སིན་ངྷུ་ཞེས་བརྗོད།ཆུ་འགོ་གངས་མཚོའི་ལྷོའི་ ལང་ག་པུ་རང་གི་ཕུ་རི་བྲག་རྨ་བྱའི་ཁ་འདྲ་བ་ནས་འབབ་ ཅིང་།སྤུ་ཧྲེང་ཚོ་དྲུག་དང་འཁོར་ཆགས་ཞེར།སླེ་མི།འོམ་ལྷོ་ བཅས་བརྒྱུད་ནས་བལ་ཡུལ་ཛུམ་ལང་།ཁར་ན་ལི་བརྒྱུད་ རྒྱ་གར་གྱི་ཨུ་ཏར་པར་སྡེ་ཤར་དང་བྷི་ཧར་གྱི་གཞུང་གཤགས་ ནས་བྷེ་གོལ་མཚོ་ཁུག་ཏུ་བཞུར་ཞིང་མཐར་ཧིན་རྡུ་རྒྱ་མཚོ་ ཆེན་པོར་འདྲེས།)

༣༽ གླང་ཆེན་འབབ་ནི་མངའ་རིས་བརྒྱུད་ནས་སྤྱི་ཏི་དཀྱིལ་དང་ཁུ་ནུ། སིམ་ལ་བརྒྱུད་བྷག་ར་དང་ནངྒལ་རིམ་པའི་བརྒྱུད་དེ་རྒྱ་གར་ཆུ་བོ་གཱངྒཱ་འབྲེལ་ནས་རྒྱ་གར་རྒྱ་མཚོར་བབས་བཞིན་ཡོད། (གངྒཱ།  སཏ་ལེ་འཇོ།  satluj)

(བོད་ཡུལ་ནི་ཆུ་ཀླུང་མང་པོའི་འབྱུང་ཁུངས་ཡིན།  དེ་ནི་ཁ་འབབ་ཆུ་བོ་བཞིའི་ཡ་གྱལ་ཞིག་ཡིན་ལ།ལེགས་ སྦྱར་སྐད་དུ་ཆུ་བོ་གངྒཱ་ཞེས་བྱ་སྟེ།གངས་མཚོའི་ནུབ་ཕྱོགས་ གུ་གེའི་ཡུལ་གྱི་སྟོད་རྔུལ་ཆུ་ཞེས་པའི་རི་གླང་ཆེན་ཁ་འདྲ་བ་ ནས་བྱུང་།པྲེ་ཏ་པུ་རི།ཁྱུང་ལུང་།མདའ་བའི་མཐུད་ཟམ།སྡོང་ བོ་དང་མ་ནང་།མཐོ་ལྡིང་ལྕགས་ཟམ།རྩ་ཧྲེང་གི་ཡར་འདྲེས་ ཀུ་ལི།རོང་ལྗོངས་རྒྱ་ཟམ།སྤྲིན་ཟམ་འོབ།སིབ་སྐྱིད་ལ་བཞུར་ ནས་ཁུ་ནུ་རམ་པུར་དང་།སིམ་ལ་ཧི་མ་ཅལ།བྷ་གར་ནང་གལ། པན་འཇབ་ཅན་གྲི་གྷཀྲ པ་ཀི་སི་ཐན་གྱི་ ཤར་ངོས་ནས་ཨ་རབ་འབི་ཨན་མཚོ་ཁུག་ཏུ་འབབ་བོ།།)

༤༽ སེངྒེ་ཁ་འབབ་མི་མངའ་རིས་བརྒྱུད་ནས་ལ་དྭགས་ནུབ་ཕྱོགས་དང་པ་ཀི་སི་བརྒྱུད་མཐར་རྒྱ་གར་རྒྱ་མཚོར་བབས་བཞིན་ཡོད། (སིན་དྷུ།  ཨིན་ཌུསེ། indus)

( བོད་ཡུལ་ནི་ཆུ་ཀླུང་མང་པོའི་འབྱུང་ཁུངས་ཡིན།  སེང་གེ་ཁ་འབབ་ནི་ཁ་འབབ་བཞིའི་ཡ་གྱལ་ཞིག་སྟེ། ལེགས་སྦྱར་སྐད་དུ་ཆུ་བོ་སི་ཏ་ཞེས་བརྗོད། བོད་ལྗོངས་མངའ་རིས་ཁུལ་དུ་ཡོད། ཆུ་བོ་འདི་ གངས་མཚོའི་བྱང་དུ་འབྲོང་པ་སེང་སྟོད་ཡུལ་གྱི་བྲག་ རུ་སང་གེའི་ཁ་འདྲ་བ་ནས་བྱུང་། འབྲོང་བ་སེང་སྨད། འབྲི་བྱི། གཞུང་པ་མ་མཚན་གྱི་ནུབ་བརྒྱུད། རྩོས་ཚོ། རྒྱ་སྨུག གླང་ཆུ། སྒར་བཀྲ་ ཤིས་སྒང་། བདེ་མཆོག ལ་དྭགས། བལ་ཏི། ཧོར་སོགས་བརྒྱུད་དེ་པ་ཀི་སི་ཐན་ནས་གྱི་གྲོང་

ཁྱེར་ཨི་སེ་ལ་མ་བྷཏ་ནས་བཞུར་ཏེ་གླང་ཆེན་ ཁ་འབབ་དང་འདྲེས་ནས་རྒྱ་གར་ནུབ་ཕྱོགས་[[ཨ་ རབ་བྷི་ཨན་མཚོ་ཁུག]]་ཏུ་བབས་མཐར་[[ཧིན་རྡུ་རྒྱ་ མཚོ]]་ཆེན་པོར་ཞུགས།)

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*