༧ དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་གནང་བ།

དེ་རིང་སྤྱི་ལོ ༢༠༢༢ ཟླ་བ་༤ པའི་ཚེས ༢༢ ལ་རྡ་ར་ལྡུང་དཔལ་ས་སྐྱའི་ཆོས་སྒར་དུ་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་སྐུའི་བླ་གཟའ་པ་སངས་ཉིན་དང་བསྟུན།   ༧ སྐྱབས་མགོན་༧ གོང་མ་ཁྲི་འཛིན་༤༢ པ་དང་འཁོན་གདུང་རྣམ་པ།  རྗེ་བཙུན་མ་དང་བདག་མོ་རྣམ་པ་སོགས་ལ།  དཔལ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེེ་འཆང་ཞེ་གཅིག་པ་ཆེན་པོ་མཆོག་གིས་ཞལ་སྔ་ནས་གཉུག་མ་གནས་པའི་སེར་སྐྱ་མང་ཚོགས་ལ་ངན་སོང་སྦྱོང་བའི་རྒྱལ་པོ་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཕྱིར་བཟློག་སྒོ་ནས་ཚེ་ལྡན་རྗེས་འཛིན་དང་ཀུན་རིག་བཀའ་དབང་བཀའ་དྲིན་བསྐྱངས་གནང་མཛད་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*