༧ དཔལ་ས་སྐྱའི་བདག་མོ་སྐུ་ཞབས་སྐལ་ལྡན་སྒྲོན་སྐྱིད་ཀྱིས་སྒྱུ་རྩལ་རི་མོ།




དེ་རིང་དུས་ཚེས་ཁྱད་པར་ཅན་དང་བསྟུན།  ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན་དཔལ་བཟང་པོའི་དགོངས་རྫོགས་དུས་དྲན་སྲུང་བརྩི་ཞུ་བའི་སྐབས་འདིར་བདག་མོ་སྐལ་ལྡན་སྒྲོན་སྐྱིད་མཆོག་གིས་ཀློག་པ་པོ་ན་ཆུང་རྣམས་ཀྱི་ཆེད་དུ་བྲིས་པའི་རྣམ་ཐར་འདི་ངོ་སྤྲོད་བྱེད་པར་དགའ་སྤྲོ་དང་སྦྲགས།  རྣམ་ཐར་འདི་བཞིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྲུ་མོ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཡིན་པ་དང་། ༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་སྐུའི་གཅེན་མོ་༸རྗེ་བཙུན་སྐུ་ཞབས་འཆི་མེད་ཀླུ་ལྡིང་རྣམ་གཉིས་ཀྱི་རྒྱལ་ཡུམ་སྐུ་ཞབས་སྐུ་ན་ཆུང་ངུའི་དུས་ནས་དགོངས་པ་རྫོགས་རྗེས་ཁོང་གིས་གཟིགས་སྐྱོང་གནང་བ་རེད།  ངོས་ནས་༸སྐྱབས་མགོན་༸གོང་མ་རིན་པོ་ཆེ་མཆོག་ནས་སྐུ་ཉིད་ཀྱི་སྲུ་མོ་ལགས་ཀྱི་སྐོར་ཧ་ཅང་ཐུགས་བརྩེ་ཆེན་པོའི་ངང་ནས་རྗེས་དྲན་གྱི་བཀའ་མོལ་གནང་བ་གོ་དུས་ན་ཆུང་བྱིས་པ་སྤྱི་དང་རང་གི་ཕྲུ་གུ་ཚོའི་ཆེད་དུ་རྣམ་ཐར་བྲི་བར་སེམས་འགུལ་ཐེབས་བྱུང་། འདིས་བདག་མོ་སྐུ་ཞབས་ལ་གུས་མོའི་ངོས་ནས་རྗེས་དྲན་ལེགས་གསོལ་ཕྲན་བུ་ཞིག་མཚོན་བྱེད་ཡིན། རྣམ་ཐར་གྱི་དེབ་འདི་༸རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དུས་ཆེན་ཁྱད་པར་ཅན་དང་། དུས་ལྷན་དུ་གདུང་སྲས་ཨཱཀཱཤ་བཛྲའི་འཁྲུངས་སྐར་གྱི་ཉིན་མོར་ཚོང་འགྲེམ་ཞུ་རྒྱུ་ཡིན་པ་དང་། རྒྱུན་གཏན་བཞིན་དེ་ལས་བྱུང་བའི་ཁེ་འབབ་ཐམས་ཅད་དགེ་རྩའི་ཆེད་གཏོང་རྒྱུའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*