ཕྱིར་རྟོག་ནང་གི་དེ་དག«ཞར་བཀོད་ཉིས།»

   སད་སྐལ།«གཅུང་པ།»

སྒེའུ་ཁུང་གི་ཡོལ་བ་ཕར་དེད་རྗེས།
ཕྱི་རོལ་གྱི་ཉི་འོད།
སེར་ལམ་མེར་ཁང་པའི་ནང་འཕྲོས་འདུག
དུས་དེར།
ཕྱི་རོལ་ན་རྒྱུ་བཞིན་པའི་བྱིས་པ་འགའི།
ཀུ་ཅོ་རྣ་བར་ལྷུང་དུས།
ངས་རང་ཉིད་ཀྱི་བྱིས་དུས་དྲན་བྱུང་།
ཕྱིར་རྟོག་གི་བྱིས་དུས་དྲན་བྱུང་།

བྱིས་དུས་ནི།
ཅི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་ཨང་།

ཨ་མའི་ངོ་གདོང་དང་།
ཨ་ཅེའི་བྱེ་རིལ།
ད་དུང་ཕུ་བོ་ཕྱིར་ཐོན་པའི་སྤྲོ་བ།
གྲོགས་པོ་ཚོ་དང་།
སྣ་ཚོགས་རྩེད་མོར་རོལ་བའི་གོ་རིམས་དག
ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་།

༢༠༢༢.༡.༩

༡ ཆམ་པ་ན་དུས།

ཆམ་པ་ན་དུས།
འབྱུང་བཞི་ལས་སེར་པོའི་ཁོག་ཏུ།
རྩད་ནས་འཛིངས་པའི་སྡོང་པོའི་རྩ་བ་བཞིན།
ལུས་གཏིང་ན་ཡོད་པའི།
རྩ་ཕྲན་སྣ་ཚོགས་འཛིངས་པ་ལས།
ཡན་ལག་གང་རུང་བརྒྱུད་དེ།
སྨན་ཆུ་དྲངས་ཡོད་པའི་ལྦུ་སྐུད་ལྟ་བུའི།
རྩ་ཕྲན་དག་ལས།
ཚ་ལམ་མེར་ཟུག་རྔུ་བྱུང་དུས།
ཆམ་ནད་མེད་པའི་ཡར་སྔོན་དུ།
སློབ་མ་ཞིག་གིས།
ཨ་མ་ལགས་སྙུང་ལས་གྲོལ་སླད།
ཆོས་ཞུ་སའི་དགོན་པར་སྐྱབས་ཡིག་ཅིག་ཕུལ་དོན།
ཨ་མའི་གཡས་ཕྱོགས་ཀྱི་རྐང་རུས་བརྒྱུད་ནས།
ན་ཟུག་ཚད་མེད་ཅིག
ཚ་ཤར་་་་་ཚ་ཤར་་་་་རྒྱུག་གིན་འདུག
ཟེར་བའི་སྐད་ཁ་སྒྱུ་རྩལ་ཅན་ཞིག་ཡིད་ལ་འཁོར་བྱུང་།

༢༠༢༢.༡.༨ ལུང་འབོག་སྐབས་ཚོགས་གྲལ་ནས་འཕྲལ་མར་བྲིས།

༢ གྲྭ་ལོག

ཕྱི་དྲོ་ཅིག་གི་དུས་ཚོད་སྤྱད་དེ།
སྡུག་བསྔལ་གྱི་གཙང་པོར་ལྕིབས་ནས།
ཉི་འོད་ཡོལ་རྗེས།
འཁྱག་གདུང་གིས་རབ་ཏུ་གཙེས།

འགྱོད་གདུང་གི་རི་བོ་ཁུར་ཏེ།
གནའ་བོའི་སྤྱིལ་བུ་ལ་ཞེ་རབ་ཏུ་འཁྲེང་མོད།
རི་བོ་ཆེན་པོ་དེ།
སླར་ཡང་།
སྔ་སའི་ཁང་ཆུང་དོག་མོ་དེ་རུ་ཤོང་ཐུབ་མེད་པར།

༢༠༢༢.༡.༡༣  གྲྭ་ལོག་འགའི་འགྱོད་གཏམ་འགའ་ཐོས་ཕྲལ་བཏབ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*