ཆོས་སྒར་དུ་༸གོང་མ་ཁྲི་ཆེན་མཆོག་ནས་ཚེ་དབང་ཟབ་མོ་གནང་འདུག

དེ་རིང་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་དཔལ་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཐུགས་བརྩེ་བ་ཆེན་པོས་༧སྐྱབས་མགོན་༧ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས་པ་དང་དྲི་མེད་ལྷ་རིགས་འཁོན་གདུང་ཨཱཀཤ་རིན་པོ་ཆེ་རྣམ་གཉིས་ད་ལོ་དགུང་སྐེག་སྔོན་བསུ་འཁེལ་སྟབས་ཡབ་སྲས་རྣམ་གཉིས་སོ་སོར་ཚེ་དབང་བརྒྱ་ཚར་རེ་བཀའ་དྲིན་ཆེ་བསྩལ་མཛད་པ་དང་། དེ་བཞིན་དཔལ་ས་སྐྱའི་རྗེ་བཙུན་མ་རྣམ་གཉིས་དང་། ས་སྐྱའི་རྒྱལ་ཡུམ་ཆེན་པོ་མཆོག་དང་བདག་མོ་སྐལ་ལྡན་ལགས་གཙོས་སྐུ་འཁོར་ལྷན་རྒྱས་ལ་དཔལ་ཚེ་དབང་ཟབ་མོའི་བཀའ་དྲིན་བསྩལ་མཛད་ཡོད་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*