དཔལ་ས་སྐྱའི་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་དུ་ཀུན་མཁྱེན་དགོངས་རྫོགས་སྐབས་སུ་བགྲོ་གླེང་།

ཁ་རྩང་དཔལ་ས་སྐྱའི་མཐོ་སློབ་༧ཀུན་མཁྱེན་ཆེན་མོའི་དགོངས་རྫོགས་རྗེས་དྲན་ཕྱིར་བགྲོ་གླེང་ཞིག་ཚོགས་འདུག མཐོ་སློབ་འདི་ཉིད་དུ་བགྲོ་གླེང་གནང་ཕྱོགས་ཐད་དམིགས་བསལ་གྱི་ཉམས་མྱོང་སྤེལ་རེས་བྱེད་གནང་འདུག དེ་ཡང་རྒྱུན་ལྡན་མཐོ་སློབ་ནང་ཁུལ་དུ་བགྲོ་གླེང་དང་ཆོས་རྩོད་སོགས་ཆོས་ཕྱོགས་བྱ་བ་ལས་ཀྱི་འཁོར་ལོ་རྟག་ཏུ་མཆིས། སྤྱིར་བཏང་ཐོག་མ་ཉིད་ནས་བོད་རྫོང་སར་བཤད་གྲྭའི་ཕྱག་རྒྱུན་ལྟར་མཐོ་སློབ་འདིར་བཤད་པ་གཙོ་བོར་མཛད་ཐོག་རྩོད་པ་ཧ་ཅང་ཤུགས་ཆེར་རྩོད། ཉིན་རེར་རྩོད་ཐུན་གཉིས་དང་རྩོད་ཐུན་རེར་ཆུ་ཚོད་གཉིས་རེད། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་མཛད་པས་སྙན་པ་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་ཡོད་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*