བཟང་སྤྱོད་སྨོན་ལམ་གྱི་བཀའ་ཁྲིད་གནང་འདུག

ཁ་རྩང་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉིན་རྒྱལ་བསྟན་ཡོངས་རྫོགས་ཀྱི་བསྟན་པའི་མངའ་བདག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་བྱང་ཨ་རི་ནེའུ་ཡོག་དང་ནེའུ་རྒྱ་སུའི་དཔལ་ལྡན་ས་སྐྱའི་བརྩེ་ཆེན་ཚོགས་པས་གོ་སྒྲིག་འོག་ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་གཙོས་གྱུར་པའི་ཕྱི་རྒྱལ་བ་བཅས་ལ་ལོ་གསར་པར་འཚམས་འདྲི་ཞུས་པ་དང་སྦྲགས་མི་ཚེ་དོན་ལྡན་སྐྱེལ་དགོས་སྐོར་གྱི་བཀའ་སློབ་ཟབ་རྒྱས་གནང་བ་དང་འཕྲོས། སྨོན་ལམ་ཀུན་གྱི་རྒྱལ་པོ་བཟང་པོ་སྤྱོད་པོའི་སྨོན་ལམ་གྱི་དགེ་ཕན་དང་དེའི་བཀའ་ལུང་བཅས་བཀའ་ཁྲིད་ཟབ་མོ་སྐུ་དྲིན་བསྐྱངས་སོང་འདུག གཙོ་སྐྱོང་པས་གོ་སྒྲིག་པ་ཡོངས་ཀྱིས་མགྲིན་ཚབ་བྱེད་དེ་རིང་དགེ་བ་འདིའི་མཐུས་དཔལ་ལྡན་བླ་མ་དམ་པ་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་དག་མཐའ་མེད་འབད་མེད་ལྷུན་གྲུབ་ཡོང་པར་གསོལ་འདེབས་དད་བཅས་མཇུག་གྲོལ་བར་བྱས་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*