ཁ་རྩང་གཟའ་སྐར་རྒྱལ་ཕུར་འགྲུབ་སྦྱོར་ཉིན།

ཁ་རྩང་ས་ག་ཟླ་བའི་ཚེས་དྲུག་ཉིན་རྒྱལ་ཕུར་འགྲུབ་སྦྱོར་ཉིན་འདྲེན་མཆོག་རྩ་བའི་བླ་མ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་ནས་དཔལ་ས་སྐྱའི་གདན་ས་ཆེན་པོའི་གཟིམ་ཆུང་དུ་དམར་པོ་སྐོར་གསུམ་གྱི་གསུང་ཆོག་གནང་བ་དང།    དེ་བཞིན་དུ་དཔལ་ཨེ་ཝཾ་ཆོས་ལྡན་ཆེན་པོ་ངོར་དགོན་དུ།  ངོར་ཀླུ་ལྡིང་བླ་བྲང་དུ་༸སྐྱབས་མཆོག་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དབུ་བཞུགས་དང་ སྐྱབས་རྗེ་ཀླུ་ལྡིང་སྐུ་གཞོན་མཁན་རིན་པོ་ཆེ་མཆོག་དང་།   སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་དང་སྐྱབས་རྗེ་ཁངས་གསར་ཞབས་རིན་པོ་ཆེ་བཅས་ཀྱིས་དམར་པོ་སྐོར་གསུམ་གྱི་ཆོ་ག་ཟབ་རྒྱས་གནང་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*