གསར་འགྱུར་ཕྱོགས་བསྡུས།

གངས་ལྗོངས་བསྟན་འགྲོའི་དཔལ་མགོན་སྔགས་འཆང་བླ་མ་ས་སྐྱ་པ་ཆེན་པོ་༧ སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་ཁེ་ན་ཌ་ས་གནས་༼ཝེན་ཀུ་བྷར༽ས་སྐྱ་ཆོས་ཚོགས་བརྩེ་ཆེན་ཐུབ་བསྟན་གླིང་དུ།   འཆི་མེད་འཕགས་མ་སྙིང་ཐིག་གི་དབང་ཆེན་ཉིན་གཉིས་རིང་བསྩལ་གནང་མཛད་འདུག 

འདི་རིང་བོད་ཚེས་ཉེར་ལྔ་མཁའ་འགྲོ་མའི་དུས་ཆེན་དང་སྟབས་བསྟུན་ནས ༧ སྐྱབས་མགོན་༧གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་མོན་གྷོ་ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་དགོན་གྱི་གཙུག་ལག་ཁང་དུ་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་བསྩལ་གནང་མཛད་འདུག 

ཚེས༡༩ ཉིན་ལྷོ་ཕྱོགས་སུ་མོན་གྷོ་ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་དགོན་དུ་ཆིབས་བསྒྱུངས་གནང་བར་༧ སྐྱབས་མགོན་༧གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་འཁོར་ལོ་བདེ་མཆོག་གི་བཀའ་དབང་བསྩལ་གནང་འདུག   དེ་བཞིན་དུ་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་སྔགས་འཆང་བླ་མ་ས་སྐྱ་པ་ཆེན་པོ་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག  །ཁ་སང་ཕྱི་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་འབྲོག་རི་བོ་ཆེ་དགའ་ལྔན་དགོན་དུ་ཞབས་སོར་བཀོད་གནང་བ་དང་།    དེ་བཞིན་དུ་ར་སྟོད་གྲྭ་ཚང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞོགས་པ་ཕྱག་ཚོད་དགུ་པ་ཙམ་ལ། ར་སྟོད་གྲྭ་ཚང་དུ་ཞབས་སོར་བཀའ་དྲིན་བསྐྱངས་གནང་མཛད་པ་དང་།  དེའི་རྗེས་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་གྱི་ཡ་རྒྱལ་འབྲས་སྤུང་བླ་སྤྱི་དང་། སྒོ་མང་གྲྭ་ཚང་།  བློ་གསལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་བཅས་ལ་གདན་འདྲེན་ཞུ་ནས་སྐུ་ཚེ་ཞབས་པད་བརྟན་ཆེད་མཎྜལ་བརྟེན་གསུམ་འདེགས་འབུལ་མཛད་པ་དང་། རྟེན་གསུམ་ཁག་ལ་གནས་གཟིགས་དང་བཀའ་སློབ་བསྩལ་མཛད་གནང་བ་དང་། 

  དགའ་ལྡན་ཉེ་འགྲམ་གྱི་སྔ་འགྱུར་རྙིང་མའི་དགོན་གྱི་གཙུག་ལག་ཁང་དུ་༧ སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་རྙིང་མ་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་མཛད་པ་དང་། བརྩེ་ཆེན་མདོ་སྔགས་ཆོས་གླིང་དགོན་གྱི་སྒྲུབ་ཁང་དུ་ཞབས་སོར་བཀོད་ནས་སྒྲུབ་ཁང་ལ་རབ་གནས་དང་བྱིན་རླབས་ཐུགས་སྨོན་རྒྱ་ཆེན་མཛད་གནང་འདུག   དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས་དང་དགའ་ལྡན་བླ་སྤྱི་རྙིང་མ་དགོན་བཅས་ནས་༧ སྐྱབས་མགོན་༧གོང་མ་ཁྲི་འཛིན་མཆོག་ལ་དགའ་ལྡན་བླ་སྤྱིའི་གཙུག་ལག་ཁང་དུ་ཤར་བྱང་ཆོས་རྗེ་༧ སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་བ་དང་།   ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་སྟོན་འཁོར་ཡོངས་ལ་ཉིན་དགུང་གསོལ་ཚིགས་འབུལ་མཛད་འདུག   

ཚེས ༢༤ ཉིན་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་དུ་ཞབས་སོར་བཀོད་པ་དང་གདན་ས་དགའ་ལྡན་གྱི་ཤར་བྱང་གྲྭ་ཚང་གཉིས་ལས་ཤར་རྩེ་གྲྭ་ཚང་གི་ཆོས་རྗེ་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་དབུས་དགེ་འདུན་འདུས་ཚོགས་ནས་བསུ་བ་གཟབ་རྒྱས་ཀྱིས་ཤར་རྩེ་གྲྭ་ཚང་གི་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ནས། མཁན་རིན་པོ་ཆེ་མཆོག་ནས  ༧ སྐྱབས་མགོན་༧ གོང་མ་མཆོག་ལ་མཎྜལ་བརྟེན་གསུམ་འདེགས་འབུལ་ཞུ་བཅས་གནང་འདུག                            

                                                                      དེ་བཞིན་དུ་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་སྔགས་འཆང་བླ་མ་ས་སྐྱ་པ་ཆེན་པོ་ ༧ སྐྱབས་མགོན་༧གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་དུ་ཞབས་སོར་བཀོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་ཤིག   ད་ལྟའི་ཆར་སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ལྷོ་ཕྱོགས་སུ་ཆོས་ཕྱོགས་ཀྱི་མཛད་རིམ་བྱེད་སྒོ་མང་ཙམ་ཡོད་ཚེ་འདུག   

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*