བོད་ཀྱི་བརྡ་སྤྲོད་སྨྲ་བའི་རྒྱན་འགྲེམས་སྤེལ་སྔོན་བརྡ།

དཔལ་རྫོང་གསར་བཤད་གྲྭ་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནས་བསླབ་པ་མཐར་སོན་པའི་འདན་མའི་ལྷ་མདའ་མཆོག་ནས་ལོ་ངོ་མང་པོའི་རིང་ལ་དཀའ་སྤྱད་འབད་བརྩོན་བརྒྱུད་བོད་ཀྱི་སྐད་དང་ཡི་གེ་འདི་ཉིད་ཡུན་རིང་གནས་ཐབས་ལ་དམིགས་ནས་སུམ་རྟགས་གཉིས་དང་། གནས་བརྒྱད་ཆེན་མོ། སྨྲ་སྒོ་མཚོན་ཆ། སྒྲ་ལ་འཇུག་པའི་སྒོ་སོགས་དཔྱད་གཞིའི་ཁུངས་སུ་གཏུགས་ནས་བོད་ཀྱི་བརྡ་སྤྲོད་རིག་པ་ལ་མཁས་པ་ཚོའི་བཞེད་དགོངས་དེ་དཔྱད་བྱ་གང་ཉིད་ལ་དཔྱད་པ་གནད་དུ་ཐིངས་པ་བགྱིས་ཏེ། ད་རན་འཐོན་ལ་ཉེ་བའི་དཔྱད་དོན་གྱི་གྲུབ་པའི་འབྲས་བུ་ལ་དཔྱད་རྩོམ་ཚན་པ་སོ་གཅིག་གི་བདག་ཉིད་ལས་གྲུབ་པའི་(བོད་ཀྱི་བརྡ་སྤྲོད་སྨྲ་བའི་རྒྱན་)ཞེས་པ་ཞིག་བོད་མི་རིགས་གཙོས་བོད་རིག་པ་ལ་དུང་བ་ཟབ་པའི་རྒྱ་ཆེ་བའི་ཀློག་པ་པོའི་སྤྱན་ལམ་དུ་འབུལ་ཐུབ་པ་འདི་སྐལ་བ་ཤིན་ཏུ་བཟང་བ་དང་། འདིས་ཀྱང་བོད་ཀྱི་བརྡ་སྤྲོད་པའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་དང་བཅས་མཚམས་སྦྱོར་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*