ཡུ་རོབ་ས་སྐྱ་སྨོན་ལམ་གྱི་གསལ་བརྡ།

༄༅། ། འཛམ་གླིང་གི་ཡུལ་གྲུ་སྤྱི་དང་ཡང་སྒོས་ཡུ་རོབ་ཁུལ་དུ་གནས་བཞུགས་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ལ།

ཆེད་གསོལ།      

         ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་བཞིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གི་དགོངས་བཞེད་དང་མཐུན་པར་དབུས་སྨོན་ལམ་ཚོགས་པའི་མཐུན་སྦྱོར་ལམ་སྟོན་འོག་འཕགས་མཆོག་འཇིག་རྟེན་མགོན་པོ་སུམ་ལྡན་ངུར་སྨྲིག་འཁོར་ལོ་བསྒྱུར་བའི་གར་གྱི་རྣམ་པར་རོལ་བ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རིགས་གསུམ་གཅིག་བསྡུས་ཀྱི་ངོ་བོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ།བསླབ་གསུམ་བསྟན་པའི་རྒྱན་གཅིག་ངོར་ཀླུ་ལྡིང་༸མཁན་ཆེན་རྡོ་རྗེ་འཆང་བཅས་ཀྱི་དབུས་བསྟན་འཛིན་གྱི་སྐྱེ་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ་དང་། སྤྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་འདོད་པའི་རྒུད་ཚོགས་ཡོད་ཚད་རང་སར་ཞི་ཞིང་། འཛད་མེད་བདེ་སྐྱིད་ཀྱི་དཔལ་ཡོན་གསར་པར་དུས་དང་རྣམ་པ་ཀུན་ཏུ་ལོངས་སུ་སྤྱོད་ཐུབ་པ། ཡང་སྒོས་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་ཕྱི་ནང་སྣོད་གཅུད་ལས་བྱུང་བའི་སྡུག་བསྔལ་མཐའ་དག་ལས་གྲོལ་ཅིང་། གཞིས་བྱེས་མཉམ་འཛོམས་ཀྱི་དགའ་བདེ་ལ་རོལ་ཐུབ་པ། སྟོན་པ་བཀའ་དྲིན་ཅན་གྱི་ཚད་མེད་པའི་ཐུགས་བསྐྱེད་ལས་བྱུང་བའི་ལྟ་སྤྱོད་རྣམ་དག་གི་བསྟན་པ་རིན་པོ་ཆེ་འདི་ཉིད་གཉན་འཕྲང་ཅན་གྱི་དུས་སྐབས་སུ་མཐའ་དང་མུ་མེད་པར་འཛམ་གླིང་ཤར་ནུབ་ཀུན་ཏུ་ཁྱབ་པ་དང་། ཁྱབ་པ་དག་ཀྱང་རྟགས་ཙམ་དང་། ཡོ་བྱད་དང་། འཚོ་བའི་ཆེད་དུ་དམིགས་པ་སོགས་མིན་པར་རང་བདེ་གཞན་སྐྱིད་ཀྱི་བདག་ཉིད་ཅན་དུ་འགྱུར་བ་སོགས་སྒོ་དུ་མའི་ཆེད་དུ་དམིགས་ནས་གཤམ་གསལ་ས་གནས་སུ་ཟླ་ཚེས་ཉིན་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། ཕོ་བྲང་རྣམ་གཉིས་ཀྱི་སྐུའི་གདུང་སྲས་རྣམ་པ། མཚུངས་མེད་བསྟན་པའི་གསལ་བྱེད་དམ་པ་རྗེ་བཙུན་འཆི་མེད་རིན་པོ་ཆེ།ངོར་རྫོང་ཚར་གསུམ་གྱི་མཁན་བླ་ཞབས་དྲུང་རྣམས་དང་། ཡུ་རོབ་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་སོ་སོའི་བསྟན་བདག་དབུ་བླ་རྣམ་པ་སོགས་སྐྱབས་གནས་དགེ་འདུན་གྱི་སྡེ་ཆེན་པོ་དབུ་བཞུགས་ཐོག་དངོས་སུ་ཚོགས་རྒྱུ་ལགས་ན་དེ་དོན་ཀུན་གྱི་དགོངས་འཇགས་འཚལ།།

ཚོགས་གནས།             ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇམ།Antwerpen, Belgium                               

ཚོགས་དུས།                ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༠༩ ནས་ ༡༡ བར།

ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཚོགས་པས།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༠༡ ལའོ།                                                                        

གསལ་བསྒྲགས་ངོ་མར་གཟིགས་བསམ་འདིར་སྣོན། གསལ་བསྒྲགས་དང་པོ།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*