བདེ་བར་གཤེགས་པ་མཁན་ཆེན་མིག་དམར་མཆོག་གི་དགོངས་རྫོགས་རྗེས་དྲན།

དཔལ་ས་སྐྱ་མཐོ་རིམ་སློབ་གྲྭའི་མཁན་རབས་གསུམ་པ་ངེས་དོན་སྨྲ་བའི་དབང་ཕྱུག་མཁན་ཆེན་བདེ་བར་གཤེགས་པ་ངག་དབང་ལེགས་བཤད་ཀུན་དགའ་མཆོག   ཡོངས་གྲགས་སུ་མཁན་ཆེན་མིག་དམར་མཆོག་སྐུ་གཤེགས་ནས་མི་ལོ་ཧྲིལ་བོ་ཉི་ཤུ་འཁོར་བའི་རྗེས་དྲན་འདས་མཆོད་ཐོག་ཏུ་༧ སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༧ སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག  ༧ སྐྱབས་རྗེ་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་མཆོག་དང་༧ སྐྱབས་རྗེ་ཀླུ་སྡིངས་སྐུ་གཞོན་རིན་པོ་ཆེ་མཆོག  ༧ སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག  དེ་བཞིན་དུ་བཤད་གྲྭ་ཁག་གི་མཁན་ཆེན་རྣམ་པ་དང་སྤྲུལ་སྐུ་རྣམ་པ།  སློབ་གཉེར་བ་ཡོངས་བཞུགས་གྲལ་གཅིག་ཏུ་ལྷན་རྒྱས་ཐོག་འདས་མཆོད་རྗེས་དྲན་ཚོགས་གནང་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*