སྒ་ཁྲི་འདུ་སྐལ་བཟང་དགོན་པའི་ལོ་རྒྱུས།

DCIM\100MEDIA\DJI_0010.JPG

དགོན་འདིའི་གྲུབ་མཐའ་ས་སྐྱ་ཡིན། འགྲོ་མགོན་ཆོས་རྒྱལ་འཕཊ་པས་བཀའ་བཞིན། བོད་རབ་བྱུང་བཞི་པ་ལྕགས་སྤྲེལ་ལོ་སྤྱི་ལོ་༡༢༦༠ ལོར་ཡོན་གོང་མ་ཁྲི་ཙུང་གི་དབུ་བླ་ (དམ་པ་ཏི་ཤྲཱི་) སྒ་ཨ་གཉན་དམ་པས་མདོ་ཁམས་ཀྱི་ས་ཁུལ་ཡོངས་ལ་དགོན་པ་༡༠༨བཞེངས་པའི་གཙོ་དགོན་འདི་ཉིད་གདན་ས་བཏབ་ནས་ཐང་རྒྱལ་རབས་སྐབས་གཞེངས་པའི་ཇོ་བོའི་ལི་སྐུ་དང་གསེར་དངུལ་གྱི་བཀའ་བསྟན་འགྱུར། བཀའ་གདམས་མཆོད་རྟེན་སོཊ་འཕགས་པས་གནང་། རབ་གནས་ཀྱི་མཛད་སྒོ་སྤྱི་ལོ ༡༢༦༧ ལོར་འགྲོ་མགོན་ཆོས་རྒྱལ་འཕཊ་པ་རང་དགོན་ཆོས་ཁྲི་པདྨ་དཀར་པོར་ཞབས་བཀོད་ནས་དབང་ཆོས་གསུང་སྐབས་སེར་སྐྱ་ཁྲི་ཚོ་ཙམ་འདུས་པ་ལ་ཡུལ་མིང་ལ་ཁྲི་འདུ་དང་དགོན་འདིའི་རྒྱབ་རིའི་ངོས་ལ་རྒྱ་གར་ཞེས་པའི་ཡིག་འབྲུ་རང་བྱོན་གྱིས་ཁྲི་འདུ་རྒྱ་གར་ལུང་པ་ཞེས་ཐོག དགོན་མིང་ལ་སྐལ་བཟང་དཔལ་འབྱོར་གླིང་ཞེས་གསོལ་ནས་ཆོས་དུང་དང་གནམ་ལྕཊ་རྡོ་རྗེ་ཆོས་སྲིད་གྱི་ཐམ་ཀ་དང་བཅུ་དྲུག་ལྟག་སྤྲོད་ཀྱི་ཌཱ་མ་རུ་དང་རྒྱ་སོག་བོད་གསུམ་གྱི་བཀའ་ཤོག་སོཊ་གནང་ནས་འཕཊ་པས་བསྟན་བདག་ཏུ་མངའ་གསོལ། དམ་པ་དེའི་ཡང་སྤྲུལ་དབོན་རྒྱུད་དྲུང་ཀུན་དགའ་རིན་ཆེན་ནི་དམ་པའི་སྤྲུལ་སྐུར་ངོས་འཛིན་གནང་ནས་སྐུ་ཕྲེང་གཉིས་པ་དྲུང་ཀུན་དགའ་རིན་ཆེན་གསེར་ཁྲི་མངའ་གསོལ་མཛད་ནས་བླ་རུང་ཁག་གཉིས་སུ་གྱེས་པ་ལས་དམ་པའི་སྤྲུལ་སྐུའི་བླ་རུང་དགོན་པའི་ལྷོར་ཕྱོཊ་སུ་བཞེངས་པས་ལྷོ་དྲུང་ཞེས་མཚན་ཐོཊ་པ་ནས་བཟུངས་སྐུ་ཕྲེང་རིམ་བྱོན་ལ་ལྷོ་དྲུང་སྤྲུལ་སྐུ་ཞེས་པའི་མཚན་ཆཊ། གཞན་ཡང་དམ་པ་འདིའི་ཇོ་བོ་ཡིད་བཞིན་ནོར་བུ་དབུ་རྒྱན་སོཊ་རིན་པོ་ཆེའི་རྒྱན་ཆ་གསོལ་ནས་ལོངས་སྐུའི་ཆ་བྱད་དུ་བསྒྱུར་བ་སོཊ་མཛད་ཕྲིན་བླ་ན་མེད་པ་སྐྱངས་ཡོད། དེ་ལས་གཞན་སྐུ་ཕྲེང་རྣམས་ཡིག་ཚོཊ་མང་དོགས་ཏེ་མ་བྲིས་ལ་གཞན་ལས་གསལ།།

པར་རྙིང་འདི་ནི་དུས་ཟིང་གོང། སྒ་ཁྲི་འདུ་སྐལ་བཟང་དགོན་པའི་ཇོ་བོ་གཟི་འོད་འབར་བ་ཡིན་ལ། དེ་ཡང་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་རྟོགས་བརྗོད་ལས། སྒ་ཨ་གཉན་དམ་པའི་ཕྱག་གིས་བཏབ་ཅིང་བྱིན་གྱིས་བརླབས་པའི་གནས། སྔོན་རྒྱ་བཟའ་ཀོང་ཇོས་གངས་ཅན་འགྲོ་བའི་དོན་དུ་ཇོ་ཤཱཀ་ཡིག་བཞིན་ནོར་བུ་གདན་དྲངས་པའི་སྐུ་ཚབ་ཏུ་བཞག་པའི་ཇོ་བོའི་སྐུ་ཚད་ངོ་མཚར་མཐོང་བ་དོན་ལྡན་དེ་ཉིད། བླ་ཆེན་འཕགས་པར་ཧོར་གོ་དན་ཡབ་སྲས་ཀྱིས་ཕུལ་བ་དེ་ཉིད་མདོ་སྟོད་སྐྱེ་དགུའི་དཔལ་ཡོན་དུ་སྒ་ཨ་གཉན་དམ་པའི་མཆོད་གཞིར་གདན་དྲངས་ནས་ད་ལྟ་བཞུགས་ངེས་པའི་གཙུག་ལག་ཁང་ཆེན་པོ། ཞེས་གསུངས་པའི་ཇོ་བོ་གཟི་འོད་འབར་བ་ནི་རབ་བྱུང་བཞི་པའི་ཆུ་ཁྱི་ལ་སྒ་ཨ་གཉན་དམ་པ་ཀུན་དགའ་གྲགས་པས་ཁྲི་འདུ་སྐལ་བཟང་དགོན་གྱི་འདུ་ཁང་བསམ་འགྲུབ་དགེ་ལེགས་རྒྱ་མཚོར་གདན་དྲངས་པ་ནས་བསོད་ནམས་ཀྱི་རྟེན་དུ་མི་ལོ་བདུན་བརྒྱ་དང་། དུས་ཟིང་གི་སྐབས་སུ་རྒྱ་ཡུལ་དུ་གདན་དྲངས་ནས་ལོ་བཅུ་ཕྲག་གཉིས། རབ་རྒྱལ་ལྕགས་བྱ་ལ་མགོ་ལོག་གསེར་རྟའི་རྒོད་རྒན་མཆོད་རྟེན་དུ་གདན་དྲངས་ནས་བཞུགས་བཞིན་ལ་བཅས་ལགས་སོ།།

སྒ་ཨ་གཉན་དམ་པ་བསྟན་འགྲོའི་དོན་ལ་ཧོར་ཡུལ་དུ་ཕེབས་ཁར་རང་དགོན་དུ་དམ་པ་ཉིད་ཀྱིས་བཞེངས་པའི་འདྲ་སྐུ་ང་འདྲ་མ་ཞེས་ཡོངས་སུ་གྲགས་དེ་ཡི་གཟུངས་འཇུག་དུ་དམ་པ་ཉིད་ཀྱི་འདྲ་སྐུ་གསེར་དཀར་ལས་གྲུབ་པ་འདི་ཉིད་དོ།།

DCIM\100MEDIA\DJI_0021.JPG

༈ ལྔ་རིག་ཆོས་ཀྱི་ཞིང་ཁམས་བཤད་སྒྲུབ་བསྟན་པའི་འབྱུང་གནས་སྒ་ཁྲི་འདུ་སྐལ་བཟང་དགོན་ཆེན་གྱི་བཤད་གྲྭ་ལྔ་རིག་བཀྲ་ཤིས་ཆོས་འཁོར་གླིང་གི་བཀོད་པ་ལྷར་བཅས་འགྲོ་བའི་ཞིང་ས།

འགྲོ་མགོན་ཆོས་རྒྱལ་འཕགས་པས་སྒ་ཨ་གཉན་དམ་པ་ལ་གནང་བའི་ཆོས་སྲིད་ཀྱི་ཐམ་ཀ་བྱིན་ཅན་འདི་ནི། དམ་པའི་ཕྱག་དམ་ཞེས་ཤོག་པར་བརྒྱབ་ནས་ཟོས་ན་ནད་ཡམས་འགོག་པའི་བྱིན་ཅན་ཆེས་གྲགས་པ་ཅན་ཞིག་ཡིན། ད་ལྟ་རང་དགོན་གྱི་རྟེན་མཆོག་གྲལ་དུ་ཡོད།

ཆོས་རྒྱལ་འཕཊ་པ་དང་སེ་ཆེན་རྒྱལ་པོས་བཀའ་བཞིན་དམ་པས་མདོ་ཁམས་ཀྱི་ས་ཁུལ་ལ་ལྷ་ཁང་༡༠༨ བཞེངས་པ་ལ་ལྷ་འདྲེ་མི་མིན་སུས་ཀྱང་གནོད་འཚེ་མི་ཆོག་པའི་བཀའ་ཤོག་བཀྲམ་པ་འདི་ལྟར་ཏེ། ཉི་འོག་ཏུ་གཏོགས་པའི་རྒྱལ་ཁམས་འཇང་སོགས་དྲག་ཞན་མི་མིན་རྫུ་འཕྲུལ་བྱེད་མི་བཅས་ཀྱིས་གསན་རྒྱུར། བདག་གིས་རྟེན་བཞེངས་བགྱིད་པ( བདག་འཆང་བ་པོ་) ལ་གནོད་ཅིང་འཚེ་བར་བྱེད་པའི་ལྷ་སྲིན་སྡེ་བརྒྱད། བྱད་ཁ། རྦོད་གཏོང་། རྒྱལ་འགོང་། ཐེའུ་རང་། དམ་ལོག་སོགས་ཀྱིས་གནོད་ཅིང་འཚེ་བའི་རིགས་གཏན་ནས་བྱེད་མི་ཆོག སྒ་ཨ་གཉན་དམ་པའི་བཀའ་ཤོག་འདི་ལ་རྩི་དགོས། ལར་མི་བརྩི་མཁན་གལ་སྲིད་བྱུང་ན། ཆོས་སྐྱོང་རྣམས་ཀྱིས་བཀའ་ཆད་དྲག་པོར་བཏང་ནས། མགོ་བོ་ཚལ་བ་བརྒྱར་འགས་པ་དཀོན་མཆོག་གསུམ། སྨལ་བོ་ཟླ་བའི་ཚེས་བཟང་པོ་ལ་སྒ་ཨ་གཉན་དམ་པས་བྲིས། ཞེས་བཀྲམ་པའི་པར་ཤིང་རྙིང་པ་བྱིན་ཅན་འདི་འགྲོ་བའི་བསོད་ནམས་ཀྱི་རྟེན་སྐལ་དུ་རང་དགོན་ན་བཞུགས་ཡོད་དོ།།

སྒ་ཁྲི་འདུ་སྐལ་བཟང་དགོན་པའི་གནའ་དུས་ཀྱི་རྟེན་གཙོ་ཇོ་བོ་གཟི་འོད་འབར་བའི་སྐུ་ཚབ་ཇོ་བོ་ངོ་མཚར་མཐོང་བ་དོན་ལྡན་འདི་ནི་དད་ལྡན་ཡུལ་མི་རྣམས་ཀྱི་རེ་བ་བཞིན་ལྷོ་དྲུང་བཅུ་བཞི་པ་བྱམས་པ་སེང་གེས་གསར་བཞེངས་མཛད་པའི་བྱིན་རླབས་ཀྱི་མཚན་ཁ་འབར་བའི་རྟེན་མཆོག་གྲགས་ཅན་དེ་ཡིན།

གནའ་རབས་གོང་མའི་དུས་སུ་སྒ་ཡུལ་རྒྱ་གར་ལུང་པ་རུ་ཁམས་གསུམ་འགྲོ་བའི་མགོན་པོའམ་ཡོངས་གྲགས་སུ་ཆོས་རྒྱལ་འཕགས་པ་ཞེས་མཚན་སྙན་སྲིད་གསུམ་ན་གཡོ་བའི་སྐྱེས་བུ་ཆེན་པོ་དེ་ཉིད་སྐུ་དངོས་ཕེབས་ཏེ་བཞུགས་ཁྲི་པདྨ་དཀར་པོ་ལ་ཞབས་སོ་འཁོད་ནས་རིས་མེད་དད་ལྡན་འགྲོ་བ་ཡོངས་ལ་དབང་ཆོས་སྩལ་སྐབས་སེར་སྐྱ་ཁྲི་ལྷག་འདུས་སའི་གནས་དང་ཡུལ་དེ་ཡི་མིང་ལ་སྒ་ཁྲི་འདུ་ཞེས་ཐོགས་སའི་ས་གནས་ཀྱི་བདེན་དཔང་རྡོ་རིང་འགྱུར་མེད་གནམ་གྱི་ཀ་བ་ཁྲི་འདུ་ལྟེ་བའི་རྒྱན།

ལྷོ་དྲུང་སྐུ་ཕྲེང་བཅོ་ལྔ་པ་བྱམས་པ་ཕྲིན་ལས་ཉི་མ་མཆོག་ད་ལྟ་མི་འཇིཊ་ཁྲི་ལ་བཞུགས་བཞིན་པ།

སྒ་ཁྲི་འདུ་སྐལ་བཟང་དགོན་པའི་ལོ་རྒྱུས་མདོར་སྡུས་སུ་བཀོད་པ་སྐལ་དགོན་གྲྭ་འཇམ་དབྱངས་མིང་ཅན་གྱིས་བྲིས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*