གསར་འགྱུར།

༧དཔལ་ས་སྐྱ་མཐོ་སློབ་ལོ་ངོ་ལྔ་བཅུ་འཁོར་བ་དང་དྭངས་བྱེད་ནོར་བུ་ཀེ་ཏ་ཀ་པོད་ཕྲེང་དབུ་འབྱེད་མཛད་སྒོ་འཚོགས་འཆར།

2022 ལོའི་ཟླ 10 ཚེས 11 ཉིན། གདོང་མཁན། 0

དཔལ་ས་སྐྱ་མཐོ་སློབ་ཀྱི་ལྔ་བཅུའི་དུས་དྲན་མཛད་སྒོ་ཉིན་གསུམ་པ་སྟེ། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡༠ ཕྱི་ཚེས་ ༢༧ ཉིན་རྒྱབ་ཏུ། འཇམ་མགོན་སྐུའི་ཡོངས་འཛིན། མཁས་དང་གྲུབ་པའི་དབང་ཕྱུག་༸སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་ངག་དབང་ཡོན་ཏན་བཟང་པོའམ་ཨ་པད་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤིན་ཏུ་རྒྱས་པ། <<དྭངས་བྱེད་ནོར་བུ་ཀེ་ཏ་ཀ>> ཞེས་ཞུ་བའི་པོད་ཕྲེང་ལྔ་ཅན་དེ་ཉིད། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་དབུ་འབྱེད་ དེ་ལས་མང་་་

གསར་འགྱུར།

༧སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གདན་སར་ཆིབས་བསྒྱུར་གནང་།

2022 ལོའི་ཟླ 10 ཚེས 11 ཉིན། གདོང་མཁན། 0

ཁ་རྩང་སྤྱི་ཚེས ༦་ཉིན་༧སྐྱབས་མཆོག་འཁོར་ལོའི་མགོན་པོ་ངོར་ཤར་ཆེན་༧ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་མཆོག་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག ༧སྐྱབས་རྗེ་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་མཆོག་གི་དབུས་སྟོན་འཁོར་ལྷན་རྒྱས་མར་ཡུལ་ལ་དྭགས་དང་། སྦས་ཡུལ་འབྲས་མོ་ལྗོངས། ཀ་ལིང་སྤུངས་བཅས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ལེགས་པར་བསྐྱངས་ནས་གདན་ས་ངོར་མ་དགོན་དུ་ཞབས་སོར་བདེ་བར་འཁོད་གནང་འདུག དེ་ལས་མང་་་

གསར་འགྱུར།

༧སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་སྒྲུབ་ཐབས་ཀུན་བཏུས་ཀྱི་ཟབ་ཆོས་གནང་མུས་རེད་འདུག

2022 ལོའི་ཟླ 10 ཚེས 11 ཉིན། གདོང་མཁན། 0

འཕགས་ཡུལ་དཔལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་འདུས་སྤྱི་ཡིས་རིང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། ༧སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་སྐུ་བལྟམས་ནས་ལོ་ཉིས་བརྒྱ་འཁོར་བའི་དུས་དྲན་དང་བསྟུན། རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག་ྋསྐྱབས་རྗེ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། སྤྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡ ཉིན་ནས་དབུ་འཛུགས་ཀྱིས་ <<སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ།>> རྗེ་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་མཆོག་ངོར་གླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་ལ་བརྟན་བཞུགས་བསྟར་འབུལ།

2022 ལོའི་ཟླ 10 ཚེས 11 ཉིན། གདོང་མཁན། 0

༄༅། །ཁ་རྩང་རབ་བྱུང་བཅུ་བདུན་པ་ཆུ་ཕོ་སྟག་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་དགེ་བའི་ཉིན་མོར། དུས་གསུམ་རྒྱལ་བ་ཀུན་གྱི་རང་གཟུགས། བསླབ་གསུམ་ལུང་རྟོགས་ཀྱི་བདག་ཉིད། ཁམས་གསུམ་འགྲོ་བ་ཡོངས་ཀྱི་འདྲེན་མཆོག། སྐྱབས་གསུམ་གཅིག་ཏུ་འདུས་པའི་ངོ་བོ། སུམ་ལྡན་ངུར་སྨྲིག་འཆང་བའི་དབང་པོ། ངོར་ཆེན་རྡོ་རྗེ་འཆང་གི་རྒྱལ་ཚབ་ཤར་ཆེན་ཆོས་ཀྱི་རྒྱལ་པོ། ༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་ཚེ་རྒྱལ་བ་ཚེ་མཐས་ཡས་པའི་ངོ་ དེ་ལས་མང་་་

བཅད་རྩོམ།

འཁོར་བའི་མི།

2022 ལོའི་ཟླ 10 ཚེས 3 ཉིན། ཕར་ནང་དཀོན་རྒྱས་ 0

འཁོར་བའི་བྱེ་ཐང་ཡངས་པོའི་པང་གཞོངས་ནས།།
ངལ་དུབ་རྔུལ་ཆུ་བྱོ་བཞིན་གང་ནས་ཡོང་།།
ལྷིང་འཇགས་བསིལ་བའི་གནས་མལ་མ་རྙེད་ན།།
རེ་ཐག་སེམས་མདུན་ཆད་དེ་གང་དུ་འགྲོ།།
ལན་ཆགས་མི་ཡུལ་གྲོང་གི་ཧྲག་དབར་ནས།།
སེམས་ཚེགས་ཁྲེས་པོ་ཐོགས་བཞིན་གང་ནས་ཡོང་།།
ཡིད་ཀྱི་བསྟི་གནས་འགོལ་པོ་མ་ཡོད་ན།།
ཁོག་གི་ཨ་ཐང་འཆོལ་བཞིན་གང་དུ་འགྲོ།།
སྣ་ཚོགས་སྒྲུན་རྩོད་རྒོད་པའི་འདུ་ལྷོང་ནས།།
ཆགས་སྡང་རུམ་གང་བསྣམས་ཏེ་གང་ནས་ཡོང་།།
སེམས་ཀྱི་མཐིལ་ལ་ལྷོད་ཅིག་མ་ཡོད་ན།། དེ་ལས་མང་་་

1 2