བཅད་རྩོམ།

ཐེད་པོའི་སྙན་ངག་བཅུ།

2021 ལོའི་ཟླ 8 ཚེས 23 ཉིན། ཕར་ནང་དཀོན་རྒྱས་ 0

ཁ་སང་གི་རྐང་རྗེས་དེ་རིང་བསུབ་དགོས་ཚེགོམ་པ་སྤོས་དང་མ་སྤོས་ལ་ཁྱད་མི་འདུག
རྨི་ལམ་གྱི་ཡུལ་ལྗོངས་ཐན་པས་ཟིན་ཚེདབྱར་ཚེས་དང་མ་ཚེས་ལ་ཁྱད་མི་འདུག
འཚོ་གནས་ཀྱི་སྙིང་པོ་གཞི་ནས་ཤོར་ཚེཡུལ་འདིར་གསོན་དང་མ་གསོན་ལ་ཁྱད་མི་འདུག
འཇིག་རྟེན་གྱི་མི་ལ་བརྩེ་བས་སྟོང་ཚེབློ་གཏད་བགྱིས་དང་མ་བགྱིས་ལ་ཁྱད་མི་འདུག
ཡིན་ནའངངས་དེ་ལྟར་བསྒྲུབ་མི་ཐུབ
2021.6.27
༢ \ སུན་སྣང་ཚད་མེད་པ།
མིད་པ་འགག་དུསརྒྱུན་པར་ཉན་སྤྲོ་བའི་གླུ་གཞས་ཀྱིས་སུན དེ་ལས་མང་་་

བཅད་རྩོམ།

ངག་རིག་དབྱངས་ཀྱི་རྒྱང་གླུ། 

2021 ལོའི་ཟླ 8 ཚེས 23 ཉིན། ཕར་ནང་དཀོན་རྒྱས་ 0

ཚིག་གི་མགྲིན་དབྱངས་ཁྱེར་བའི་བརྡ་ཐབས་ལ། །
ཚོར་འདུ་ངག་རིག་འདྲེན་པའི་མཚོ་བྱུང་མ། །
རྗེས་ཆགས་དད་པའི་མཆོད་སྤྲིན་རིང་མོ་འདིས། །
ཟག་མེད་དབྱངས་ཀྱི་སྙན་དབྱངས་སྲུང་གྱུར་ཅིག །

ཤེས་བྱའི་པད་ཚལ་རྒྱས་པའི་དཀྱིལ་འཁོར་ལ། །
སྲིད་གཞི་ངག་གི་ལང་ཚོ་འགུག་པའི་ལྷ། །
རིག་བྱེད་ངག་གི་དིང་གླིང་ཁེར་འབུད་ལ། །
ཀུན་རྟོག་སྣང་བའི་འཆར་ཡན་གླུ་རུ་སྩོལ། །

ངག་རིག་དྲི་གཞོན་གསར་བའི་ཡང་སྟེང་ན། །
བརྩེ་ཆེན་མེ་ཏོག་རྟེན་འབྱུང་ཚོགས་སུ་གྲུབ། །
རྨད་བྱུང་ཚིག་གི་བར་བྱེད་དཀྲོལ་བའི་ཚེ། །
ཚངས་

དེ་ལས་མང་་་

བཅད་རྩོམ།

ཡིད་ཀྱི་འགྱུར་ཁུག

2021 ལོའི་ཟླ 8 ཚེས 23 ཉིན། ཕར་ནང་དཀོན་རྒྱས་ 0

ཁྱོད་ལུས་པདྨོའི་ལྡེམ་འཕྲུལ། །
ཡིད་ཀྱི་སྤང་ལ་སྐྱེས་སོང་། །
ངག་གི་རིག་བྱེད་སྣ་ཚོགས། །
ཁུ་བྱུག་སྔོན་མོ་ཇི་བཞིན། །
ཡིད་ཀྱི་ཁྲུས་ལ་ཞུགས་པའི། །
ཁྱོད་ཀྱི་ཞལ་གྱི་ཨུཏྤལ། །
སྤྲིན་པ་སིལ་བུར་གྱེས་ནས། །
སྟོན་ཟླའི་དཀྱིལ་འཁོར་ཇི་བཞིན། །
སྤྱན་གྱི་གསལ་ཆ་དེ་ཡང་། །
ཉམས་ལྡན་རི་དྭགས་མིག་བཞིན། །

སྒྱུ་འཕྲུལ་ཡོན་ཏན་བྱེ་བར། །
ཐུགས་ཡིད་ཀུན་ནས་འདུས་པ། །
དྲི་ལྡན་མེ་ཏོག་ཞིང་ལ། །
བུང་བ་སྤྲིན་གྱི་ཚོགས་བཞིན། །
གཟུགས་མེད་ཡིད་ཀྱི་བརྩེ་བ། །
ཆུ་ལ་ཆུ་བཞིན་འཐིམ་སོང་། །
ཤ་རུས་མེ་ཏོག་འདབ་མ། ། དེ་ལས་མང་་་

བཅད་རྩོམ།

རྟོག་པ་རླབས་ཀྱིས་གཡོ་བའི་སྐད་སྒྲ།

2021 ལོའི་ཟླ 8 ཚེས 23 ཉིན། ཕར་ནང་དཀོན་རྒྱས་ 0


ས་གཞི་གཉིད་ལ་ཤོར་ནས
རྨི་ལམ་སྟོང་ཕྲག
ཕྱི་མའི་མུ་མཐར་འགྲིམས


བ་སྤུའི་བུ་ག་ནས
རླངས་པ་འཕྱུར་ཏེ
སྣ་ཁྲག་ཤར་ཤུར་དུ་བབས


སྙིང་བོའི་སྙིང་བོ
ས་ཆེན་གྱི་སྒལ་གཞུང་ནས
མི་ཡུལ་གྱི་ཟབ་སར་ཐིམ


གདུང་བ་མེད་པའི
མི་རྐྱང་གི་དྲན་པ་ཟ་ཟི
རླུང་ནང་དུ་ལྕེབ


རེ་ཆད་པའི
ལས་འབྲས་ལ་འཁང་ར་བྱས་ཏེ
རང་ཉིད་གསོན་དུར་བྱས


མིག་གིས་སྐད་ཆ་བཤད་ཅིང
ལག་པས་གཡབས་མོ་བྱས་ཏེ
རྒྱང་རིང་གི་ཆུ་བོ་སེམས་ཀྱིས་དཀྲུག
དེ་ལས་མང་་་

བཅད་རྩོམ།

སྒྱུ་འཕྲུལ་གྱི་ལྷ་མོ་དབྱངས་ཅན་མ་བྲིས་པ།

2021 ལོའི་ཟླ 8 ཚེས 23 ཉིན། ཕར་ནང་དཀོན་རྒྱས་ 0

དེ་རིང་ཁོ་བོས་ལས་བྱ་དཀར་པོ་བྲིས། །
འཁོར་བའི་མཚོ་ལ་དྲི་མ་མེད་པ་བྲིས། །
འདོད་པའི་ཕུན་ཚོགས་དེ་ནས་བྱུང་བ་བྲིས། །
ཁྱོད་ཉིད་མཛེས་པའི་པད་སྡོང་བཞད་པ་བྲིས། །

པདྨའི་སྡོང་ལ་ཟླ་བའི་བཞིན་རས་བྲིས། །
སྤྱན་མིག་ཟུང་ལ་ར་ཡིག་གཉིས་པ་བྲིས། །
དེ་ལ་སྨིན་མ་ཐང་སྨུག་གཤོག་པ་བྲིས། །
རྟག་ཏུ་དགའ་བའི་བུ་ལ་གཡོས་པ་བྲིས། །

མཁུར་ཚོས་རབ་མཛེས་པདྨ་ཟུང་འཇུག་བྲིས། །
དམར་འབར་མཆུ་ནི་བྱུ་རུའི་མདངས་ཤིག་བྲིས། །
ལྗགས་ནི་དཔལ་གོས་དམར་པོའི་འདབ་མ་བྲིས། །
ཚེམས་ནི་གངས་ དེ་ལས་མང་་་

བཅད་རྩོམ།

ངག་གི་ལྷ་མོ་དབྱངས་ཅན་མ།

2021 ལོའི་ཟླ 8 ཚེས 23 ཉིན། ཕར་ནང་དཀོན་རྒྱས་ 0

ཀ་དག་གདོད་མའི་རང་བཞིན་ངག་གི་རྩལ། །
འབད་མེད་ལྷུན་གྲུབ་མགྲིན་པའི་དབུས་སུ་རྫོགས། །
སྣ་ཚོགས་སྤྲུལ་པས་གདུལ་བྱ་འདུལ་མཛད་པའི། །
ཤེས་རབ་ལྷ་མོས་དབྱངས་ཀྱི་སྤོབས་པ་སྩོལ། །

སྙན་སྙན་ཚིག་གིས་ཐ་སྙད་མ་བརྩིགས་ཤིང་། །
མཛེས་པའི་ཚོན་གྱིས་རི་མོ་མ་འཐེན་མོད། །
རང་བྱུང་སྲིད་དང་ཞི་བའི་མཛེས་སྡུག་ཀུན། །
ཁྱེད་རང་ཁོ་ནའི་གཟུགས་སུ་འཕོས་པ་ལགས། །

དར་ཟབ་གོས་ཀྱིས་རྒྱན་པའི་ཡིད་འཕྲོག་ལྷ། །
མི་ཤིགས་སྙིང་ཁ་པད་འདབ་རྒྱས་པའི་དབུས། །
མང་མང་བསྒོམས་པས་གོམས་པ་མཐར་ཕྱིན་ཏེ། །
འབད་ དེ་ལས་མང་་་

བཅད་རྩོམ།

དབྱངས་ཕྲ་མོ།

2021 ལོའི་ཟླ 8 ཚེས 23 ཉིན། ཕར་ནང་དཀོན་རྒྱས་ 0

རབ་དཀར་ངག་དབང་དབྱངས་ཅན་ལྷ་སྲས་མས། །
ཡེ་ཤེས་མེ་ལྕེ་མཁྱེན་གཏེར་ཆེས་ཆེར་མཆེད། །
ཕུལ་བྱུང་ནུས་མཐུ་སྒྱུ་འཕྲུལ་རྟུལ་ཞུགས་འགྱུ། །
གཟུགས་སྐུར་བསྟོད་དོ་བློ་གྲོས་ཡོངས་སྩོལ་མཛོད། །

ལེགས་བྲིས་ཡིད་འཕྲོག་པིར་གྱི་རྩེར་འཁྱུག་པའི། །
ཡིད་འཕྲོག་ཤེལ་གྱི་ལྕུག་ཕྲན་གསར་པ་ཡི། །
ལང་ཚོའི་འཛུམ་དཀར་ཟེའུ་འབྲུ་ལྷུག་པར་དགོད། །
སྙིང་ལ་ལེགས་བཤད་སྟོང་གི་བདུད་རྩི་འཕྱུར། །

མཚོ་བྱུང་ངག་གི་དཔལ་སྟེར་རིག་བྱེད་མས། །
བརྟན་གཡོའི་སྒྲ་དབྱངས་རྒྱ་མཚོའི་འཇིངས་ཆེན་དཀྲུག།
ཡང་སྙིང་ག་བར་དབང་པོའི་ལང་ཚོ་སྨིན། །
སྲིད་ དེ་ལས་མང་་་

བཅད་རྩོམ།

ཟླ་བ་བརྒྱད་པའི་སྙན་ངག

2021 ལོའི་ཟླ 8 ཚེས 23 ཉིན། ཕར་ནང་དཀོན་རྒྱས་ 0

འགྲོ་ན་རྟ་ཕོས་སྣ་སྦྲིད་རྒྱག་ཞོར་དུ། །
ལང་ཚོའི་ཟིལ་ཆུ་བསེར་བུའི་སྐྱོར་མ་ཡོད། །
སྙིང་གི་བྲེད་ཤ་བོགས་འདོན་གཡོ་སྐྱོམ་བྱེད། །
རྣ་འབྱོག་བརྩེངས་ཏེ་དཔལ་དང་སྟོབས་ཀྱིས་འགྱིང་། །
སྲབ་མདའ་ཁྲ་ཁྲ་མདུད་པ་ཟུར་གསུམ་ཅན། །
ལན་རེར་བཅིབས་དུས་ཡང་བསྐྱར་ཚགས་རེ་དམ། །
གྲུང་པོའི་མིག་གིས་རི་དྭགས་རྒྱུག་པ་མཐོང་། །
ཚོད་ཚོད་ཚོར་བའི་སྟངས་ཀ་འདྲ་མིན་མངོན། །
རྟ་ཐོག་སོས་དལ་བསྡད་དེ་ངེས་འབྱུང་སྒོམ། །
རྟོག་སྣང་སྐད་ཅིག་སྐད་ཅིག་ངུ་མ་དགོད། །
བསྐལ་བའི་གཅོང་རོང་བརྒལ་བའི་རྟ་ཕོ་ནི། ། དེ་ལས་མང་་་

བཅད་རྩོམ།

ཤེབ་རབ་ཀྱི་དབྱངས་སྦྲེང་བའི་ལྷ་མོ།

2021 ལོའི་ཟླ 8 ཚེས 23 ཉིན། ཕར་ནང་དཀོན་རྒྱས་ 0

གསུང་ལེགས་བཤད་ཀྱི་ཕན་བདེ་བསྩལ་བའི་སྙན་སྒྲོག་མ།
གཞུང་མདོ་སྔགས་ཀྱི་གནད་བརྒྱ་དགྲོལ་བའི་མཁྱེན་ཡངས་མ།
དད་གསུམ་སྙིམ་མཁར་ལ་བྱིན་རླབས་ཀྱི་ཆར་ཁྲིད་དེ།
སྒོ་གསུམ་རྨོངས་མུན་ལ་ཤེས་རབ་ཀྱི་འོད་འཁྱིལ་ཅིག
ཤེབ་རབ་ཀྱི་དབྱངས་སྦྲེང་བའི་ལྷ་མོ་ལགས།

ཐུགས་མཁྱེན་ལྡན་གྱི་ཡེ་ཤེས་མངའ་བའི་རྗེ་བཙུན་མ།
ཞེ་བདག་འཛིན་གྱི་སྤྲོད་པ་བྲལ་བའི་བཅོམ་ལྡན་མ།
འཁོར་འདས་རྟོག་འགྱུ་ཡི་རི་མོ་གླུ་རུ་བཞེངས་ཏེ།
དགེ་ལེགས་མི་ཟད་པའི་དངོས་གྲུབ་བདག་ལ་སྩོལ་ཅིག
ཤེབ་རབ་ཀྱི་ དེ་ལས་མང་་་

བཅད་རྩོམ།

བཙན་པོའི་སྐབས་ཀྱི་ཉེས་སྤྱད། 

2021 ལོའི་ཟླ 8 ཚེས 23 ཉིན། ཕར་ནང་དཀོན་རྒྱས་ 0

སྐལ་བ་བགྲང་བྱ་དུ་མའི་སྔ་རོལ་གྱི།།
གནམ་གྱི་ཁྲི་བདུན་རྟིང་མའི་རྗེ་བོ་སྟེ།།
ཁ་ཆེ་ཞང་ཞུང་རུ་བཞིར་མངའ་མཛད་པའི།།
རང་བཤིས་གཏུམ་དྲག་ཅན་གྱི་དཔའ་རྒོད་དེ།།
གྲི་གུམ་བཙན་པོ་ལོ་ངམ་རྟ་རྫིས་བཀྲོངས།།

རྒྱལ་སྲིད་བགྲང་བྱ་གཉིས་ལས་མ་མཛད་ཀྱང་།།
ཡབ་ཀྱི་ཆེད་དུ་མཆོད་པའི་སྡེ་བཞི་བཙུགས།།
མངའ་རིས་བདེ་སྡུག་ཐུགས་ཀྱི་ཁུར་སྟེགས་ཤིང་།།
དབུལ་ཕྱུག་ལན་གསུམ་བསྙམས་པའི་མངའ་བདག་སྟེ།།
མུ་ནེ་བཙན་པོ་ཡུམ་གྱིས་དུག་གིས་བཀུམས།།

ཕྱོགས་བཞིར་བྲག་རྐོས་ལོ་རྒྱུས་མེ་ལོང་ལས།།
ཞི་ དེ་ལས་མང་་་

ལྷུག་རྩོམ།

མཐོ་སྒང་གི་སྐར་མ་སྟེ་གཡང་དཀར་ལུག་རགས་ཙམ་གླེང་བ།

2021 ལོའི་ཟླ 8 ཚེས 21 ཉིན། ཕར་ནང་དཀོན་རྒྱས་ 0

མཐོ་སྒང་གི་སྐར་མ་སྟེ་གཡང་དཀར་ལུག་རགས་ཙམ་གླེང་བ།

མགར་ཐང་དཀར་གྱིས་བརྩམས།

གཡང་ལ་གཡང་ཆགས་བལ་དཀར་འཇོ་ལོ་ལོ།།
གཡང་གི་གཞིར་གྱུར་མཐོ་སྒང་སྐར་མའི་ཚོགས།། དེ་ལས་མང་་་

བཅད་རྩོམ།

བུ་མོའི་གཤིས་ཀ

2021 ལོའི་ཟླ 8 ཚེས 21 ཉིན། ཕར་ནང་དཀོན་རྒྱས་ 0

བུ་མོའི་གཤིས་ཀ

སད་སྐལ།[གཅུང་པ།]

དེ་ནི་གཤིས་འཇམ་ཐུགས་དྲང་ཅན་ཞིག
མེ་ཏོག་དང་འཇའ་མཚོན་གྱི་དཔེ་རུ་བཞག་པས
སྐྱེ་བོ་གྲངས་མེད་ཅིག་གི་སེམས་སུ
མེ་ཏོག་དང་འཇའ་མཚོན་བཞིན
འཇིག་རྟེན་གྱི་མཛེས་པའི་མཐར་ཐུག་ཏུ་བསམ་ཡོད

དེ་ནི་གཤིས་འཇམ་ཐུགས་དྲང་ཅན་ཞིག
འཇམ་དཀྲོལ་རོལ་དབྱངས་ཤིག་དང་མཚུངས་ཏེ
ངག་འཇམ་པོས་ནང་སེམས་ཀྱི་སྐད་ཆ་རེ་འཆད་དུས
སྐྱེ་བོ་མང་པོའི་སེམས་པ་བསྒུལ་འགྲོ དེ་ལས་མང་་་

བཅད་རྩོམ།

རེ་དོགས་ཀྱི་ནམ་མཁའ་བྲིས་པ།

2021 ལོའི་ཟླ 8 ཚེས 21 ཉིན། ཕར་ནང་དཀོན་རྒྱས་ 0

སྣ་ཚོགས་འཚོ་བའི་འཇའ་ཚོན་དག །
ཚིག་གི་ཏིང་ཤགས་ལ་བརྒྱུས་ཤིང་། །
ཆད་མེད་གདངས་ཀྱིས་ཁམས་འདི་བཀང་། །
དགའ་སྡུག་འགལ་འདུས་དཔྱད་པ་གནང་། །
དབེན་རིའི་མཆོག་དང་གྲོང་རྡལ་འགྲམ། །
བདག་གི་མི་ཚེ་ཡང་ཡང་བཞད། །
དེ་ཉིད་དབྱངས་གསལ་འགྲོས་ལས་མངོན། །
ཡུན་རིང་བསྙལ་བའི་དགུན་ཆང་ཙམ། །

ངེས་འབྱུང་སྨུག་པ་འདུས་པའི་རྐྱེན། །
སུན་སྣང་གླིང་བུ་བུས་པ་མོད། །
དགའ་བརྩེའི་སྲིད་པར་ཞུགས་དང་ལྷན། །
འཕྲིན་ལ་འདང་གི་རི་མོ་ཕབ། །
ངེས་མེད་ངེས་པའི་སྙན་ངག་ཚོགས། །
གཙང་པོའི་ཚུལ་བཞིན་གང་སར་སྤུར། །
དེ་རུ་ཁོ་བོའི་རྣམ་པ་དོད། །
དགའ་སྡུག་སྐར་ཚོགས་གྲངས་བཞིན་ཤར། །

རྣམ་རྟོག་ཆུ་ཡི་གཉེར་རིས་འདི། །
ཟད་མེད་མཁའ་ཡི་མཐའ་དང་མཉམ། །
རང་མྱོང་འཆར་ཡན་རིགས་སྣ་ཚོགས། །
ཚིག་ལ་བཅོལ་ཞིང་ཚིག་ལ་བྲིས། །
མགུར་ལས་བླངས་ཤིང་མགུར་ལ་བཏགས། དེ་ལས་མང་་་

བཅད་རྩོམ།

མཚན་མོ་འདིར།

2021 ལོའི་ཟླ 8 ཚེས 21 ཉིན། ཕར་ནང་དཀོན་རྒྱས་ 0

མཚན་མོའི་མུན་པ་གཞས་ཀྱིས་སངས་བར་བྱས། །
ལམ་གྱི་རི་མོ་སུན་སྣང་ངང་ནས་བསྐྱལ། །
གཟུགས་འཛིན་མཁའ་རུ་ཕྱོགས་པའི་དུས་ཉིད་ལ། །
ཟླ་བའི་གཟི་དཔལ་བདག་གི་གདོང་ལ་ཕོག །
རབ་གཙང་ཤོག་དཀར་ངོས་བཞིན་སེམས་པ་རུ། །
ཁྱོད་གཏམ་རྣ་བའི་བདུད་རྩི་ཡང་ཡང་ཟགས། །
ངལ་བའི་གྲང་རེག་བཏུང་བ་མི་ཉུང་མོད། །
འཛུམ་ཟེར་ཡིད་ལ་འཁོར་བས་སྐྱིད་སྣང་ཚོར། །

བདག་ཉིད་འཆི་བའི་སྒོ་རུ་དལ་གྱིས་བགྲོད། ། དེ་ལས་མང་་་

བཅད་རྩོམ།

ཆར་ཞོད་ཀྱི་མཚན་མོ། (ཞར་བཀོད་གཅིག)

2021 ལོའི་ཟླ 8 ཚེས 21 ཉིན། ཕར་ནང་དཀོན་རྒྱས་ 0

རི་ལུང་ཚང་མས་གསེར་མདོག་གི་ལྭ་བ་གྱོན་པའི་དུས་དེར།
གྱེན་དུ་འགྲེང་བའི་ཡལ་གའི་སྟེང་དུ།
ལོ་མ་དམར་པོ་ཞིག་ལྷེམ་གྱིས་འགུལ་དུས།
དེ་ནི་ངའི་སེམས་པ་གཡོ་ཚུལ་དང་མཚུངས།

སྟོན་རླུང་དལ་གྱིས་ལྡང་དུས།
ལྗོན་ཤིང་གི་འདབ་ལོ་རྣམས་ལྡིང་སྐོར་གྱིས་ས་ལ་བབས།
སླར་ཡང་ཕྱོགས་བཞིར་སྤུར་སོང་།
དེ་ནི་གདུང་བ་སྙིང་ལ་སིམ་པའི་མི་ཞིག་དང་གྱེས་པ་འདྲ།

ཆར་ཞོད་ཆེ་བའི་མཚན་མོ་དེར།
སྟོང་ཤིག་ཤིག་གི་གྲིབ་གཟུགས་དེ་རྒྱང་ནས་རྒྱང་དུ།
ཀྱག་ཀྱོག་གི་ལམ་ཕྲན་དེ་བརྒྱུད་ནས།
ཁུ་སིམ་ངང་དལ་གྱིས་བགྲོད་དུས། དེ་ལས་མང་་་

1 2 3