གསར་འགྱུར།

༧སྐྱབས་རྗེ་འཁོན་གདུང་ཨཱ་ཀཱ་ཤ་བཛྲ་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་བ།

2022 ལོའི་ཟླ 4 ཚེས 13 ཉིན། གདོང་མཁན། 0

དེ་རིང་བོད་ཟླ། ༢ ཚེས། ༡༢ ཉིན་༧དཔལ་ས་སྐྱ་གོང་མ་ལྔའི་ཡ་གྱལ་རྡོར་འཛིན་བྱེ་བའི་ཀུན་གྱི་གཙུག་རྒྱན་༧ རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་དགོངས་རྫོགས་དུས་མཆོད་དུ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ཞེ་གཅིག་པ་ཆེན་པོ་མཆོག་དང་དཔལ་ས་སྐྱའི་༧སྐྱབས་མགོན་ཁྲི་འཛིན་ཞེ་གཉིས་པ་དང་ཁྲི་འཛིན་ཞེ་གསུམ་པ་མཆོག༧སྐྱབས་རྗེ་འཁོན་གདུང་ཨ་བྷི་ཀྲི་ཏ་རིན་པོ་ཆེ་མཆོག་རྒྱས་འཛོམས་དབུ་བཞུགས་ཐོག་དགེ་འདུན་འདུས་ཚོགས་ནས་བླ་མའི་རྣལ་འབྱོར་བླ་ དེ་ལས་མང་་་

ངག་རྩོམ།

ཧ་ཅང་བག་ཕེབས་པའི་སྐུ་པར་དེ་མཇལ་རྗེས།

2022 ལོའི་ཟླ 4 ཚེས 13 ཉིན། གདོང་མཁན། 0

ཁ་སང་ཞོགས་པ་དྲ་ལམ་ནས་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་དང་། རྒྱལ་ཡུམ་སྐུ་ཞབས་རྣམ་གཉིས་ཨ་རིའི་བཞུགས་གནས་ཕོ་བྲང་གི་གཡས་གཡོན་དུ་བག་ཕེབས་ངང་ཞབས་ཐང་དུ་ཕེབས་བཞིན་པའི་བརྙན་པར་དང་། དགོན་པའི་རྩྭ་རྭའི་ནང་གི་རི་དྭགས་ཚོར་གཟིགས་བཞིན་བཞུགས་པའི་བརྙན་ཐུང་དེ་མཇལ་མ་ཐག གློ་བུར་དུ་སེམས་ལ་དད་གུས་དང་དགའ་སྤྲོའི་ཚོར་བ་བརྗོད་མི་ཤེས་པ་དང་ལྷན་དུ། ད་ནི་འགྲིག་ཤག་བསམ་པའི་ཚོར་བ་ཞིག་བྱུང་། དེ་ལས་མང་་་

བཀའ་སློབ།

༧ སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་བཀའ་སློབ།

2022 ལོའི་ཟླ 4 ཚེས 13 ཉིན། གདོང་མཁན། 0

ང་ཚོ་ཐག་ཉེ་པོ་ཡོད་རེད་དེ།ཕར་ཚུར་མཇལ་རྒྱུ་མེད་པ་ཡུན་རིང་ཆགས་སོང།དེ་རིང་ཁྱེད་རྣམ་པ་ཐམས་ཅད་ཕེབས་ཐུབ་པ་ཤིན་ཏུ་དགའ་བོ་བྱུང་།
ཐམས་ཅད་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།སྤྱིར་བཏང་ང་ཚོ་སྡོད་ས་འཛམ་བུ་གླིང་འདི་ལ་ལུང་པ་འདྲ་མི་འདྲ་བ་མང་པོ།མི་རིགས་འདྲ་མི་འདྲ་བ་མང་པོ།གནས་ཚུལ་འདྲ་མི་འདྲ་བ་མང་པོ་ཡོད་རེད། ཡིན་ན་ཡང་སྐོར་ར་ལྟ་བུ་ཞིག་བརྒྱབས་ནས་ཐམས་ཅད་ལ་ཉམས་ཞིབ་ཅིག་བྱས་པ་ཡིན་ན། དོན་དམ་གལ་ཆེ་ཤོས་དེ་མི་ཚེའི་ནང་དུ་ཆོས་བསྒྲུབ་རྒྱུ་དེ་གལ་ཆེ་ཤོས་རེད་འདུག་མ་གཏོགས་དེ་རིང་ཁ་སང་མི་མང་པོ་ཨ་མི་རི་ཀ་ལ་སོང་ན་ཨ་རི་ལ་དཔེ་ཡོད་རེད་ཟེར་གྱི་རེད་མོད། དེ་ལས་མང་་་

གསུང་འཕྲིན།

གལ་ཆེའི་གསལ་བསྒྲགས།

2022 ལོའི་ཟླ 4 ཚེས 5 ཉིན། གདོང་མཁན། 0

འབྲེལ་ཡོད་ཚང་མས་དགོངས་མངའ་བཞིན། ༧སྐྱབས་མགོན་༧གོང་མ་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག་དཔལ་ལྡན་ས་སྐྱ་པའི་ཆོས་སྲིད་ཡོངས་ཀྱི་བདག་པོ་ཁྲི་འཛིན་ཞེ་གསུམ་པར་མངའ་གསོལ་ཞུས་ཟིན་པ་ཡིན་སྟབས། ༧སྐྱབས་མགོན་༧གོང་མ་ཡབ་སྲས་རྣམ་པའི་མཚན་བརྗོད་ཞུ་ཕྱོགས་ཏེ། མཁྱེན་མངའ་བཞིན་༧ཡབ་རྗེ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་ལ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཅེས་སྔར་རྒྱུན་ལྟར་དང༌། ྋསྐྱབས་
མགོན་སྐུ་བགྲེས་རིན་པོ་ཆེ་མཆོག་ལ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་དང་། སྐུ་གཞོན་རིན་པོ་ཆེ་མཆོག་ལ་ཁྲི་འཛིན་ཞེ་གསུམ་པ་ཛྙཱན་བཛྲ་ཞེས་ཞུ་རྒྱུ་ཡིན་པ་དང་ཆབས་ཅིག ད་ནས་བཟུང་གཞུང་འབྲེལ་མཛད་སྒོ་དང་། ཚོགས་འདུའི་རིགས། ཚོགས་པ་ཁག རང་རེའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ། འབྲེལ་ཡོད་མི་སྣ་ལ་སོགས་པ་ཚང་མས་གདན་ཞུ་དང་། རྒྱབ་གཉེར་ཕྱག་བྲིས་སོགས་ཞུ་སྒོ་ཅི་མཆིས་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྷཱན་བཛྲ་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་ཞུ་གནང་དགོས་པའི་བརྡ་ཁྱབ་གསལ་བསྒྲགས་ཞུ་རྒྱུ་ལགས་ན། དེ་ལུགས་ཀུན་གྱིས་དགོངས་འཇགས་འཚལ། ས་སྐྱ་སྒྲོལ་མ་ཕོ་བྲང་གི་ཡིག་ཚང་ནས། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༥ དགེ་བ་ལ། ། དེ་ལས་མང་་་

ཉེ་རབས་ཀྱི་རྣམ་ཐར།

༧སྐྱབས་མགོན་ས་སྐྱ་༧གོང་མ་ཛྙན་བཛྲ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་བཞུགས་སོ།། 

2022 ལོའི་ཟླ 4 ཚེས 5 ཉིན། གདོང་མཁན། 0

༧སྐྱབས་མགོན་འཁོན་གདུང་ཛྙན་བཛྲ་རིན་པོ་ཆེ་མཆོག་ནི། ཡབ་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་དང་། རྒྱལ་ཡུམ་བཀྲ་ཤིས་ལྷ་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༧༩ ལོར་དཱེརཱདཱུན་སྒྲོལ་མ་ཕོ་བྲང་དུ་སྐུ་འཁྲུངས། དེ་མ་ཐག་ཡབ་རྗེ་མཆོག་གིས་གོང་མའི་ཕྱག་སྲོལ་ལྟར་ལྗགས་ལ་དྷཱི་ཡིག་འབྲི་བ་དང་ལེགས་སྦྱར་སྐད་དུ་ཛྙན་བཛྲ་སྟེ། ཡེ་ཤེས་རྡོ་རྗེ་ཞེས་པའི་མཚན་གསོལ། དེ་ལས་མང་་་

ལེགས་བཤད།

གཞུང་ཆེན་བཀའ་པོད་ལྔ་དང་དྲུག གཞུང་ཆེན་བཅུ་གསུམ་དང་གྲགས་ཆེན་བཅོ་བརྒྱད།

2021 ལོའི་ཟླ 12 ཚེས 17 ཉིན། གདོང་མཁན། 0

གཞུང་ཆེན་བཀའ་པོད་ལྔ། ༡ ཕར་ཕྱིན། ༢ དབུ་མ། ༣ ཚད་མ། ༤ འདུལ་བ། ༥ མངོན་པར་མཛོད། གཞུང་ཆེན་བཀའ་པོད་དྲུག ༡ ཕར་ཕྱིན། ༢ དབུ་མ། ༣ ཚད་མ། ༤ འདུལ། ༥ མངོན་པར་མཛོད། ༦ སྡོམ་གསུམ། དེ་ལས་མང་་་

གསར་འགྱུར།

༧སྐྱབས་མགོན་༧གོང་མ་ཛྙན་བཛྲ་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཨ་རིར་ཕེབས་གནང་འདུག

2021 ལོའི་ཟླ 12 ཚེས 4 ཉིན། གདོང་མཁན། 0

༄༅། །དཔལ་ས་སྐྱའི་འཁོན་གདུང་སྐྱབས་མགོན་༸གོང་མ་ཛྙན་བཛྲ་རིན་པོ་ཆེ་མཆོག་དང་བདག་མོ་བསོད་ནམས་དཔལ་སྐྱིད་གཙོས་སྐུ་འཁོར་ལྷན་རྒྱས་ཁ་རྩང་སིན་རྫི་ལེན་ཌི་ནས་ཨ་རི་ལ་ཆེད་ཕེབས་གནང་སྟེ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་གཙོས་རྒྱལ་ཡུམ་ཆེན་མོ་བཅས་ལ་མཇལ་བཅར་དང་སྦྲགས་ཨ་རི་ནེའུ་ཡོག་དཔལ་ས་སྐྱའི་ཕོ་བྲང་གཞས་ཡས་ཁང་དུ་ཞལ་འཛོམས་བྱུང་འདུག དེ་ལས་མང་་་

ངག་རྩོམ།

ནག་པོ་ཆེན་པོ།

2021 ལོའི་ཟླ 12 ཚེས 3 ཉིན། གདོང་མཁན། 0

སྐྱབས་ཀུན་འདུས་ཞལ་དཔལ་ལྡན་བླ་མ་དང་།།དབྱེར་མེད་ཁྱབ་བདག་སྟོན་པ་ཀྱེ་རྡོ་རྗེའི།།སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བཅས།མ་ལུས་གཅིག་ཏུ་བསྡོམས་པའི་ནག་པོ་ཆེར།།དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར།།ཅི་མཛད་ཁྱེད་ཤེས་བློ་གཏད་ལིངས་བཅོལ་གྱིས།།སྐྱབས་སུ་འགྲོ་ཞིང་ལུས་དང་ལོངས་སྤྱོད་དང་།།དུས་གསུམ་བདོག་པ་ཅི་མཆིས་འབུལ་ལགས་ན།། དེ་ལས་མང་་་

མི་སྣ་ངོ་སྤྲོད།

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མཚན་གྱི་རྣམ་གྲངས།

2021 ལོའི་ཟླ 12 ཚེས 3 ཉིན། གདོང་མཁན། 0

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མཚན་གྱི་རྣམ་གྲངས།འཇིགས་བྲལ་སློབ་དཔོན་ཆེན་མོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མཚན་གྱི་རྣམ་གྲངས་གང་ལས་བྱུང་བའི་ཡིག་ཆ་དང་མཚན་གྱི་རྣམ་གྲངས་རང་གི་ཇི་ཙམ་རྙེད་སོན་བྱུང་བ་ཙམ་ཞིག་བཀོད་པ་ལགས།དང་པོ། ༡༽ཡབ་ཡུམ་གྱིས་མཚན་ཚེ་རིང་དོན་གྲུབ་ཞེས་གསོལ།༢༽ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དེ་ལས་མང་་་

གསར་འགྱུར།

༧སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་སྟོན་འཁོར་ལྷན་རྒྱས་རྡོར་གདན་ཞབས་སོར་བདེ་བར་འཁོད་གནང་འདུག

2021 ལོའི་ཟླ 12 ཚེས 3 ཉིན། གདོང་མཁན། 0

ཀུན་མཁྱེན་ཨེ་ཝཾ་པའི་རྒྱལ་ཚབ་༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸སྐྱབས་མཆོག་ངོར་ཀླུ་ལྡིང་སྐུ་གཞོན་མཁན་རིན་པོ་ཆེ་མཆོག   དེ་བཞིན་དུ་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་མཆོག་གི་དབུས་སྟོན་འཁོར་ལྷན་རྒྱས་རྡ་ར་ལྡུན་ངོར་ཆོས་ལྡན་ཆེན་པོ་ནས་གནས་མཆོག་རྡོ་རྗེ་གདན་ དེ་ལས་མང་་་

གསར་འགྱུར།

༧སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་བལ་ཡུལ་ཕྱོགས་སུ་བཀའ་ཆོས་གནང་འཆར།

2021 ལོའི་ཟླ 12 ཚེས 1 ཉིན། གདོང་མཁན། 0

༧དཔལ་ས་སྐྱའི་བསྟན་འགྲོའི་དཔལ་མགོན་༧ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ངོར་ཐར་རྩེ་མཁན་པོ་རིན་པོ་ཆེ་ངག་དབང་བསོད་ནམས་མཆོག་ལྡན་དཔལ་བཟང་པོ་མཆོག་རྡ་ར་ལྡུ་ངོར་གདན་ས་ཆེན་པོ་ནས་བལ་ཡུལ་ཕྱོགས་སུ་སྤྱི་ཟླ ༡༡་པའི་ཚེས ༢༩་ཉིན་ཆིབས་བསྒྱུར་གནང་འདུག  དེ་ནས་༢༠༢༡ ཟླ ༡༢་པའི་ཚེས ༢་ནས་རིམ་པའི་བཀའ་ཆོས་གནང་འཆར་རེད་འདུག  དེ་ལས་མང་་་

གསར་འགྱུར།

༧ སྐྱབས་རྗེ་འཁོན་གདུང་ཨ་སངྒ་མཆོག་ངོར་དགོན་དུ་ཆིབས་བསྒྱུར་གནང་བ།

2021 ལོའི་ཟླ 11 ཚེས 30 ཉིན། གདོང་མཁན། 0

༧སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དང་འདུལ་འཛིན་བྱེ་བའི་གཙུག་རྒྱན་༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག   ༸སྐྱབས་མཆོག་ངོར་ཀླུ་ལྡིང་སྐུ་གཞོན་མཁན་རིན་པོ་ཆེ་མཆོག་དང་སྨྲ་བའི་དབང་ཕྱུག་མཁན་ཆེན་བསོད་ནམས་རྒྱ་མཚོ་ དེ་ལས་མང་་་

གསར་འགྱུར།

༧སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དབུས་སྨོན་ལམ་ཐེབས་རྩ་ཁང་དུ་ཆོས་བསྒྱུར་གནང་འདུག

2021 ལོའི་ཟླ 11 ཚེས 30 ཉིན། གདོང་མཁན། 0

ཁ་སང་ཕྱི་དྲོར་༧བརྩེ་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དང་མདོ་སྔགས་སྨྲ་བའི་དབང་ཕྱུག་མཁན་ཆེན་བསོད་ནམས་རྒྱ་མཚོ་རྣམ་གཉིས་དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་དུ་གདན་ཞུ་ལྟར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་འདུག དེ་ལས་མང་་་

གསར་འགྱུར།

འཇམ་དཔལ་མཚན་བརྗོད་ཀྱི་བཀའ་ཁྲིད་དབུ་བཙུགས་གནང་འདུག

2021 ལོའི་ཟླ 11 ཚེས 26 ཉིན། གདོང་མཁན། 0

སྤྱི་ལོ་༢༠༢༡་ཟླ་༡༡་ཚེས༢༦ཉིན་དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭར་གསང་ཆེན་བསྟན་པའི་མངའ་བདག་མཁན་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་གིས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་ཀྱི་བཀའ་ཁྲིད་ཟབ་མོ དེ་ལས་མང་་་

གསར་འགྱུར།

རྡ་ར་ལྡུན་ལ་ཝཱ་ར་ན་སའི་གསོ་རིག་སྨན་དཔྱད་ཟས་སྤྱོད་གནང་འདུག

2021 ལོའི་ཟླ 11 ཚེས 26 ཉིན། གདོང་མཁན། 0

༢༠༢༡།༡༠།༣༡ཉིན་ཝཱ་ར་ཎ་སིའི་གསོ་རིག་སྡེ་མཚན་ཁོངས་ནས་སྨན་པ་ཁག་ཅིག་ཌེ་ར་ལྡུན་ཁུལ་དུ་ཕེབས་འཆར་སྐོར་དཔལ་ས་སྐྱའི་བདག་མོ་སྐལ་ལྡན་མཆོག་ལ་འབྲེལ་གཏུགས་དང་སྦྲགས་བདག་མོ་རིན་པོ་ཆེ་མཆོག་གིས་མཐུན་འགྱུར་གོ་སྒྲིག་འོག་ནས་རྡ་ར་ལྡུན་ས་ཁུག་ཁག་དང་ར་ཇི་པུར་དཔལ་ས་སྐྱ་ཆོས་སྒར། དེ་ལས་མང་་་

1 8 9 10 11 12 70