༧སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་བལ་ཡུལ་ཕྱོགས་སུ་བཀའ་ཆོས་གནང་འཆར།

༧དཔལ་ས་སྐྱའི་བསྟན་འགྲོའི་དཔལ་མགོན་༧ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ངོར་ཐར་རྩེ་མཁན་པོ་རིན་པོ་ཆེ་ངག་དབང་བསོད་ནམས་མཆོག་ལྡན་དཔལ་བཟང་པོ་མཆོག་རྡ་ར་ལྡུ་ངོར་གདན་ས་ཆེན་པོ་ནས་བལ་ཡུལ་ཕྱོགས་སུ་སྤྱི་ཟླ ༡༡་པའི་ཚེས ༢༩་ཉིན་ཆིབས་བསྒྱུར་གནང་འདུག  དེ་ནས་༢༠༢༡ ཟླ ༡༢་པའི་ཚེས ༢་ནས་རིམ་པའི་བཀའ་ཆོས་གནང་འཆར་རེད་འདུག  དེ་ཡང་སྤྱི་ཟླ ༡༢་པའི་ཚེས ༢ ཉིན་རྣམ་རྒྱལ་དགོན་པའི་སློབ་མ་རྣམས་ལ་དཔལ་ཀྱཻ་རྡོར་སྟ་གོན་གནང་རྒྱུ། ཚེས ༣ ཉིན་དཔལ་ཀྱཻ་རྡོར་དངོས་གཞིའི་དབང་ཆེན་གནང་རྒྱུ། ཉིན་རྒྱབ་ལ་འཛོམ་གསུམ་དང་རྩ་རང་སློབ་མ་རྣམས་ལ་དཔལ་ཀྱཻ་རྡོར་སྟ་གོན་གནང་རྒྱུ། ཚེས ༤ ཉིན་འཛོམ་གསུམ་དང་རྩ་རང་སློབ་མ་རྣམས་ལ་དཔལ་ཀྱཻ་རྡོར་དངོས་གཞིའི་དབང་ཆེན་གནང་རྒྱུ། ཉིན་རྒྱབ་ལ་ཉིན་ཕུག་དང་སྒག་གི་སློབ་མ་རྣམས་ལ་དཔལ་ཀྱཻ་རྡོར་སྟ་གོན་གནང་རྒྱུ།  ཚེས ༥་ཉིན་ཉིན་ཕུག་དང་སྒག་གི་སློབ་མ་རྣམས་ལ་དཔལ་ཀྱཻ་རྡོར་དངོས་གཞིའི་དབང་ཆེན་གནང་རྒྱུ། ཚེས ༦་ཉིན་རྒྱབ་ལ་ཀུན་རིག་དབང་ཆེན་དབང་རྒྱུ།  ཚེས ༧་ཉིན་རྒྱབ་ལ་རིགས་གསུམ་སྤྱིའི་སྟ་གོན་གནང་རྒྱུ། ཚེས ༨ ཉིན་རྒྱབ་རིགས་གསུམ་སྤྱིའི་དངོས་གཞིའི་དབང་ཆེན་གནང་རྒྱུ། ཚེས ༩་ཉིན་སྔ་དྲོར་འབྱུང་འདུས་རྗེས་གནང་དང་ལུང་གསུངས་གནང་རྒྱུ་དང་ཐུབ་པ་དམ་ཚིག་གསུམ་བསྐོར་གྱི་རྗེས་གནང་དང་ལུང་གསུངས་གནང་རྒྱུ།  རྗེ་བཙུན་འཕགས་པ་སྒྲོལ་མའི་རྗེས་གནང་དང་ལུང་གསུངས་གནང་རྒྱུ།  ཉིན་རྒྱབ་ལ་འཕགས་པ་སྤྱན་རས་གཟུགས་ཀྱི་རྗེས་གནང་དང་ལུང་གསུངས་གནང་རྒྱུ། ཚེས ༡༠ ཉིན་སྔ་དྲོར་རྟ་མགྲིན་རྗེས་གནང་དང་ལུང་གསུངས་གནང་རྒྱུ་དང་སེངྒེ་སྒྲའི་རྗེ་གནང་དང་ལུང་གསུངས་གནང་རྒྱུ། རྗེ་བཙུན་འཇམ་དབྱངས་དམར་སེར་གྱི་རྗེས་གནང་དང་ལུང་གསུངས་གནང་རྒྱུ། ཉིན་རྒྱབ་ལ་ཚེ་ལྷ་རྣམ་གསུམ་གྱི་རྗེས་གནང་དང་ལུང་གསུངས་གནང་དང་མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་དང་ལུང་གསུང་རྒྱུ། ཚེས ༡༡ ཉིན་དབང་ཆེན་ཐོབ་པ་རྣམས་ལ་ཐུན་མོང་མ་ཡིན་པའི་དམར་པོ་སྐོར་གསུམ་གྱི་དབང་ཆེན་གནང་རྒྱུ་དང་ཉིན་རྒྱབ་ལ་དཔལ་གུར་ལྷ་བརྒྱད་ཀྱི་དབང་ཆེན་གནང་རྒྱུ་བཅས་དང་བོད་རིགས་གཙོས་ཧི་མ་ལ་ཡའི་མི་རིགས་དང་ཡུལ་མི་སོགས་ལ་ཚེ་དབང་གི་བཀའ་ཆོས་ཟབ་མོ་ཡང་གནང་འཆར་རེད་འདུག

རྣམ་རྒྱལ་དགོན་པའི་མཁན་རིན་པོ་ཆེ་ཚེ་དབང་རིན་འཛིན་མཆོག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*