༄༅། །དད་ལྡན་སེར་སྐྱ་མི་དམངས་ཡོངས་ཀྱི་སྙན་ལམ་དུ།
                                                                          ཆེད་ཞུ།

སྔར་རྒྱུན་ལྟར་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་དགོངས་རྫོགས་ཆེན་མོ་དུས་ཚིགས་ཁྱད་པར་ཅན་ཉིན། འདི་གར་སུད་སཱི་དང་ལིག་ཏེན་སིཊཡན་བརྩེ་ཆེན་ཚོགས་པའི་གོ་སྒྲིག་འོག ། རི་ཀོན་ཆོས་འཁོར་དགོན་དུ་ས་པཎ་བླ་མཆོད་དང་འབྲེལ་བའི་ཚོགས་འཁོར་ཞིག་འབུལ་རྒྱུ་དང་། དེའི་ཉིན་གསོལ་ཚིགས་སྟབས་བདེ་ཞིག་གོ་སྒྲིག་ཞུས་ཡོད་པའི་དད་ལྡན་གང་མང་ངེས་ཕེབས་ཡོང་པའི་གསལ་བསྒྲགས་ཞུ།

 

ཚེས་གྲངས།          སྤྱི་ལོ་༢༠༢༦ སྤྱི་ཟླ་ ༠༡ ཚེས་ ༠༣ རེས་གཟའ་སྤེན་པ། སྔ་དྲོ།  ཆུ་ཚོད། ༩།༣༠ ནས་༡༢ བར།
ཚོགས་ཡུལ།          རི་ཀོན་ཆོས་འཁོར་དགོན།

སུད་སཱི་དང་ལིག་ཏེན་སིཊཡན་བརྩེ་ཆེན་ཚོགས་པ་ནས་ཕུལ།།