ཁོར་ཡུག་གཙང་བཟོའི་ལས་འགུལ།

དེ་རིང་སྤྱི་ལོ་2018/9/15 ཉིན་རྒྱ་གར་མངའ་སྡེ་རྡ་ར་ལྡུང་ས་གནས་ནེ་ཌི་ཝ་ལར་རྟེན་གཞི་བྱས་པའི་དཔལ་ཝཾ་ཆོས་སྡེ་ཆེན་མོ་ངོར་མ་དགོན་གྱི་དགེ་འདུན་རྣམ་པ་དང་དཔལ་གསང་ཆེན་རྒྱུད་གྲྭའི་དགེ་འདུན་རྣམ་པ་དེ་བཞིན་ཨ་ནེ་བཤད་གྲྭའི་བཙུན་མ་རྣམ་པ།   དེ་བཞིན་དུ་གླིང་ཚང་གཞིས་ཆགས་སུ་གླིང་གེ་སར་སློབ་གྲྭའི་དགེ་སློབ་རྣམ་པ་བཅས་ཐུན་མོང་ནས་༧ སྐྱབས་མགོན་ས་སྐྱ་༧་གོང་མ་ཁྲི་རྡོ་རྗེ་འཆང་མཆོག་སྐུ་ཚེ་ཡུན་རིང་དུ་བརྟན་པའི་ཆེད་དུ་དམིགས་ནས་ཁོར་ཡུག་གཙང་བཟོ་བྱས་པའི་ཞི་བདེའི་ལས་འགུལ་ཞིག་གོང་གི་གྲྭ་ཚང་དང་སློབ་གྲྭ་བཅས་ནས་མཉམ་རུབ་ཐོག་ནས་སྡེ་ར་ལྡུང་ས་གནས་སུ་གཞིས་གྲོང་དང་ལམ་ཟུར། གྲོང་ཁྱེར་དང་གྲོང་ཁུལ་སོགས་ཁྱད་དུ་དམིགས་ནས་དུས་ཚོད་གཏོང་ནས་གད་སྙིགས་གཙང་མར་ཕྱགས་ནས་ཁོར་ཡུག་རྒྱུན་གཏན་མི་འདྲ་བའི་རྣམ་པ་གསར་པ་ཞིག་མཐོང་ཐུབ་པའི་ལས་འགུལ་ཞིག་སྤེལ་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*