ཀླུ་སྡིངས་མཁན་ཆེན་རྡོ་རྗེ་འཆང་མཆོག་ལ་ཁམས་ལི་ཐང་གཞིས་བྱེས་གཉིས་ནས་བརྟན་བཞུགས་བསྟར་འབུལ་སྔོན་བརྡ།

བདག་ཅག་གི་དྲིན་ཅན་རྩ་བའི་བླ་མ། ༧ངོར་ཤར་ཆེན་ཀླུ་སྡིངས(ལྡིང་) མཁན་ཆེན་རྡོ་རྗེ་འཆང་མཆོག་གི་སྐུ་ཚེའི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་འཚོ་ཞིག་བཞུགས་པའི་ཆེད་དུ་དམིགས་ནས།  དཔལ་ལྡན་ས་སྐྱ་པའི་གདུགས་དཀར་དྲི་མ་མེད་པའི་བསིལ་གྲིབ་ལ་རེག་ཅིང་ལྟོས་པའི་ཁམས་ལི་ཐང་པ་གཞིས་བྱེས་ཐུན་མོང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞིས་དོན་ལྟར་མཁན་ཆེན་མཆོག་ནས་བཀའ་བཞེས་བཟང་པོ་ཐོབ་སྟེ། སྤྱི་ལོ ༢༠༡༨།༡༠།༢༣ དང་། བོད་ཟླ་དགུ་པའི་ཚེས་བཅུ་བཞིའི་ཉིན་སྐུའི་འཁྲུངས་སྐར་ལ་སྟབས་བསྟུན་ནས་བརྟན་བཞུགས་ཟབ་རྒྱས་འབུལ་རྒྱུའི་འཆར་གཞི་ལྟར། གདན་ས་ཆེན་པོ་ངོར་ཨེ་ཝྃ་ཆོས་ལྡན་(རྒྱ་གར) དུ། སྤྱི་ཟླ་༡༠ པའི་ཚེས་༡༦ ནས་༢༣ བར་ཉིན་མ་བརྒྱད་ལ་ཚཽགས་རྒྱུ་གཏན་ཁེལ་ཡིན་པས་ན། དེ་ལ་ཕེབས་མཁན་སུ་ཡོད་ན་སྤྱི་ཚེས ༡༥ འབྱོར་ཐུབ་པར་ཞུ། འདི་ནས་གོ་སྒྲིག་ཞི་བདེའི་ཆེད་དུ། སྤྱི་ཟླ ༩ པའི་ཚེས་༢༥ ནང་ཚུན་ཆད་དུ། དགོན་པའི་སྒྲིག་ཁོངས་སུ་མེད་པའི་ཁ་ཐོར་བ་ཕེབས་མཁན་ཡོད་ན། གཤམ་གྱི་ཞལ་པར་ཐོག་འབྲེལ་བ་གནང་ན་བཞུགས་ས་དང་ཞལ་ལག་སོགས་གོ་སྒྲིག་སོགས་ཡོད་པས་དེ་ལུགས་ཆོས་གྲོགས་ཐུགས་འཇགས་འཚལ། བརྟན་བཞུགས་གོ་སྒྲིག་ཚོགས་པའི་འབྲེལ་གཏུག་བྱེད་ཡུལ།

བསོད་ནམས་རྒྱ་མཚོ། 91-8475866220མཁན་པོ་ཚུལ་ཁྲིམས་བསྟན་དར། 91-8755711166

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*