གནས་མཆོག་རྡོ་རྗེ་བྲག་རྫོང་།

 གནས་འདི་ནི་རྗེ་བཙུན་གོང་མ་རིམ་བྱོན་དང་། སྐལ་ལྡན་གྱི་སློབ་བུ་འཁོར་བཅས་གྲུབ་པ་བརྙེས་པའི་ཡང་དབེན་ཆེན་པོ་བྱས་འགྱུར་རྡོ་རྗེའི་བྲག་རྫོང་འདིར་དེ་སྔ་བླ་བྲང་ཤར་ནུབ་དང་། ཞལ་གྲོ་ལྷ་ཁང་། ཉི་ཟླ་ཕུག་སོགས་རྟེན་དང་བརྟེན་པར་བཅས་གཞི་རྒྱ་ཧ་ཅང་ཆེ་བའི་སྒྲུབ་གནས་ཤིག་ཡིན། ད་ཆ་ནི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་སྒྲུབ་ཕུག་གི་ལྡེབས་བྲིས་ལ་བདག་ཆེན་བློ་གྲོས་རྒྱལ་མཚན་གྱིས་ཕྱག་བྲིས་གུར་མགོན་གསུང་བྱོན་མ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྒྲུབ་ཆུའི་གཙོས་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཆུ་ད་ལྟའང་དངོས་སུ་མྱོང་རྒྱུ་ཡོད། ཡང་སྟེང་དུ་ངོ་མཚར་ཆེ་བའི་མཁའ་འགྲོའི་གསང་ལམ་དང་མཁའ་འགྲོའི་སྒྲུབ་ཁང་། གཞན་ཡང་བརྗིད་ཉམས་ཆེ་ལ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྒྲུབ་ཁང་སྣ་ཚོགས་དང་སུང་རྒྱལ་རབས་སྐབས་ཀྱི་ལྡེབས་བྲིས་མང་དག་བཞུགས་ཡོད་པ་ནི་འཛམ་གླིང་རིམ་པའི་རིག་དངོས་རྩ་ཆེན་ཡིན་པར་བརྟེན་ཉམས་བཟོ་ཞུས་ཏེ་སྔར་བཞིན་སྒྲུབ་པའི་གནས་མཆོག་ཅིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*