བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་སྐུ་བལྟམས་སའི་གནས་མཆོག

  • འདི་ནི་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་སྐུ་བལྟམས་སའི་གནས་མཆོག་གཅིག་ཡིན། འདིར་སྔགས་འཆང་ཆོས་ཀྱི་རྒྱལ་པོས་ས་ཆེན་སྐུ་འཁྲུངས་དུས་ཀྱི་བཞུགས་གདན་ཁྲུ་མ་དང་བཅས་པ་གཟུངས་གཞུག་ཏུ་བཞུགས་པའི་བདུད་འདུལ་མཆོད་རྟེན་བཞེངས་གནང་ཤིང་། དེ་རྗེས་ཕྲུ་མའི་དགོན་པ་ངོ་མཚར་ཅན་འདི་ཡང་སྔགས་འཆང་ཆེན་པོས་ཕྱག་བཏབ་གནང་བ་དང་། དུས་འགྱུར་གྱི་རྐྱེན་པས་ཉམས་ཆག་བྱུང་ཡང་སླར་ཉམས་བཟོ་ཞུས་ཏེ་སྔར་གྱི་མཆོད་རྟེན་དང་། ས་ཆེན་བཞུགས་ཁྲི། གོང་མ་རྣམ་ལྔའི་སྣང་བརྙན། སྒྲུབ་ཁང་སོགས་ཡོད་པ་ནི་ད་ཆ་བཙུན་མའི་སྒྲུབ་གནས་ཤིག་ཡིན། བཙུན་མ་རྣམས་གཙོ་བོར་གསུང་ངག་ལམ་འབྲས་ལོ་བདུན་མ་དང་། མཁའ་སྤྱོད་བསྙེན་མཚམས་ལོ་གསུམ་མའི་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལགས་སོ། །
རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*