དཔལ་བརྩེ་བ་ཆེན་པོའི་རིང་ལུགས་འཛིན་པ་ཡོངས་ལ་བསྩལ་བའི་གསུང་འཕྲིན།

༄༅། །དཔལ་བརྩེ་བ་ཆེན་པོའི་རིང་ལུགས་འཛིན་པ་ཡོངས་ལ།

བསྟན་འགྲོ་སྤྱི་དང་། སྒོས་སུ་བརྩེ་ཆེན་རྒྱལ་བའི་བསྟན་པ་རིན་པོ་ཆེར་སྐུ་གསུང་ཐུགས་ཀྱིས་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་ཞིག་བསྐྱངས་དང་སྐྱོང་བཞིན་པའི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་མགོན་པོ། བདག་ཅག་ཡོངས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཞེ་གཅིག་པ་ཆེན་པོ་མཆོག་དང་ངོར་ཆེན་རྒྱལ་བའི་༸རྒྱལ་ཚབ་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་རྣམ་གཉིས་ལ་ངོས་ནས་དཔལ་ལྡན་ས་སྐྱ་པ་ཡོངས་ཀྱི་སྐུ་ཚབ་ཞུས་ཏེ་དད་གུས་ཆེན་པོས་སྐུ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག བོད་གངས་ཅན་གྱི་ལྗོངས་སུ་བཞུགས་པའི་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་དབུས་པའི་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་དཔལ་བརྩེ་བ་ཆེན་པོའི་རྗེས་འབྲངས་པ་ཡོངས་ལ་ཞུ་དོན། སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་༸རྡོ་རྗེ་འཆང་དངོས་ཉི་ཟླ་རྣམ་གཉིས་བསྟན་དང་འགྲོ་ བའི་མགོན་དཔུང་དམ་པར་༸སྐུ་ཚེ་ཞབས་པད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་བཞུགས་སུ་གསོལ་བར་འདེབས་པའི་སླད་དྲིན་ཆེན་རྩ་བའི་བླ་མའི་ཞབས་བརྟན་རྣམ་གཉིས་སྦྱོར་བ་ཀུན་སློང་བཟང་པོ་དང་རྗེས་བསྔོ་བ་རྣམ་དག་བཅས་ཉིན་ལྟར་མ་ཆད་པར་གསུང་མཁན་རྣམ་པར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བ་དང་གཞན་རྣམས་ལ་དེ་ལྟར་དུ་ད་ནས་བཟུང་བསོད་ནམས་ཀྱི་ཚོགས་རླབས་ཆེན་གསོག་པའི་ཆེད་དང་སྐུ་དྲིན་རྗེས་སུ་དྲན་བཞིན་པའི་ཐོག་ནས་ཞབས་བརྟན་འདི་གཉིས་ཉིན་རེར་ཆག་མེད་ངེས་པར་དུ་གསུང་གནང་རོགས་ཞེས་འབོད་བསྐུལ་ནན་ཏན་ཆེན་པོས་ཞུ་ཡི་ཡོད་པས་དེ་དོན་དགོངས་འཇགས་ཞུ།

ས་སྐྱ་ཁྲི་འཛིན་ཞེ་གཉིས་པས།

གློ་བོ་རྩེ་བྲང་ རྡོ་རྗེ་གདན་ནས་རབ་བྱུང་ ༡༧ ས་ཁྱི་ལོའི་བོད་ཟླ་ ༦ ཚེས་ ༡༥ བཟང་པོར་ཕུལ།

 

ཞབས་བརྟན་ཁག་འདི་ན་ཡོད། >>>

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*