འཕགས་ཡུལ་རྫོང་གསར་བཤད་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོ།

དེ་རིང་འཕགས་ཡུལ་དཔལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གཙུག་ལག་སློབ་གཉེར་ཁང་ཆེན་མོར་སྤྱི་ལོ་ ༢༠༠༥ ལོ་ནས་༢༠༡༧ ལོའི་བར་དུ་གཙུག་ལག་སློབ་གཉེར་ཁང་འདིའི་ནང་དུ་དགའ་སྐྱིད་སྤྲོ་གསུམ་དང་ལྡན་པའི་འཚོ་བ་རོལ་བར་དང་འཕགས་བོད་ཀྱི་གསུང་རབ་བམ་གཞུང་ཆེན་བཅུ་གསུམ་མམ་གྲགས་ཅན་བཅོ་བརྒྱད་མཚོན་པའི་གཞུང་ཆེན་ཁག་ལ་གསན་བསམ་ཚུལ་བཞིན་དུ་གནང་ནས་ལོ་ངོ་ཧྲིལ་པོ་བཅུ་གཉིས་བརྒལ་ཟིན་པའི་དེ་རིང་སློབ་མ་སོ་སོས་སྦྱངས་འབྲས་ལ་གདེངས་ཚོད་རྙེད་པ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པའི་ལོ་རྒྱུས་གསར་པ་ཞིག་གི་བཀྲ་ཤིས་པའི་སློབ་པ་མཐར་སོན་གྱི་མཛད་སྒོ་སྟབས་བདེའི་ངང་༸ སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་རྫོང་གསར་བཤད་གྲྭའི་བསྟན་བདག་སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་གཙོས་བཤད་གྲྭའི་མཁན་ཟུར་དང་ལས་ཐོག་མཁན་པོ་དང་དཔེ་ཁྲིད་མཁན་པོ་བཅས་འཕགས་ཚོགས་དགེ་འདུན་འདུས་སྡེ་རིན་པོ་ཆེ་དབུས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཐོན་པའི་སློབ་མ་རྣམས་ལ་སློབ་ཐོན་ཕྱག་ཁྱེར་སྩལ་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*