འཁྲུངས་སྟོན་བཀའ་སློབ་གནད་བསྡུས།

༸སྐྱབས་མགོན་གོང་མའི་ཞལ་སྔ་ནས།

ང་རང་གི་བསམ་ཚུལ་བྱས་ན། འཁྲུངས་སྐར་འདི་འདྲའི་རིགས་གཏོང་རྒྱུར་དགའ་བོ་རྩ་བ་ནས་མེད། གང་ཡིན་ན་ཟེར་ན། དེས་མི་མང་པོར་ལས་ཀ་མེད་སར་ལས་ཀ བྲེལ་བ་མེད་སར་བྲེལ་བ་བྱེད་ཀྱི་འདུག ཡིན་ན་ཡང་། བླ་མ་རྣམ་དབུ་བཞུགས་ཐོག དགེ་འདུན་དམངས་ནས་དད་དམ་གཡོ་བ་མེད་པའི་སྒོ་ནས་ཉིན་གསུམ་རིང་བརྟན་བཞུགས་སྒྲུབ་བྱ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགེ་བའི་རྩ་བ་དེས་༧འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པ་དང་། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང། རླབས་ཆེན་ཆོས་སྲིད་ཀྱི་བ་བྱ་ཐམས་ཅད་ཟླ་བ་ཡར་གྱི་ངོས་བཞིན་གོང་འཕེལ་ཡོང་བའི་བཀྲ་ཤིས་སྨོན་ལམ་ཡོད། ཅེས་བཀའ་བསྩལ་ཏོ།།
༢༠༡༦/༡༠/༡

ཨ་འདུས་པས་དཔལ་ས་སྐྱའི་གདན་ས་ནས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*