༧ སྐྱབས་རྗེ་ངོར་ཁང་གསར་ཞབས་དྲུང་མཆོག་གི་འཁྲུངས་སྐར་བསུ།

འཁྲུངས་སྐར་བསུ། 

༧སྐྱབས་རྗེ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག་དགུང་གྲངས་༢༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གྲངས་མེད་ཞུ་བ་སྦྲགས། མགོན་པོ་གང་ཉིད་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་། རིན་པོ་ཆེ་མཆོག་གི་མཛད་འཕྲིན་འཛམ་གླིང་ས་ཕྱོགས་གང་གསར་ཁྱབ་སྟེ། སྤྱིར་ན་ནང་པ་སངས་རྒྱས་པའི་རྗེས་འཇུག་དང་། མ་གྱུར་སེམས་ཅན་ཐབས་ཅད། ཡང་སྒོས་སྐུ་ཉིད་ཀྱི་སློབ་མ་རྣམས་སངས་རྒྱས་ཀྱི་སར་ཅི་ནས་ཀྱང་འགོད་དེ། ཐར་ཐུག་གི་བདེ་བར་རོལ་བར་བྱའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*