མཚེའུ། ཆབ་མདོ།
༡
བཅུ་དྲུག་ལང་ཚོ་གཉོམ་པོ་དེ། །
རྣམ་གཡེང་བདུད་དཔུང་ཁ་རུ་ཚུད། །
མི་ལོ་ཉི་ཤུའི་གཏམ་རྒྱུད་ཅིག །
མགྲིན་པ་བརྣངས་ནས་འཆད་མ་ཐུབ། །
མུ་ཅོར་དབེན་པའི་རི་སུལ་ནས། །
ཆུ་མས་མཁུར་ཚོར་བརླན་ཞོར་དུ། །
འདས་པའི་ལོ་རྒྱུས་སྤྲིན་ལ་བསྐྱོན། །
༢
འདུ་འཛིན་རྒོད་པའི་སྲང་ལམ་དུ། །
རྐང་མཐིལ་རྗེས་ཤུལ་གང་མང་བཏབ། །
རྣམ་རྟོག་མངའ་བའི་འཁྲིས་མྱི་ལ། །
བཟང་ངན་འཁྲུལ་རྟོག་ཅི་ཡང་བསྐྱེད། །
ཟླ་བའི་བསིལ་ཟེར་མ་འཛུམ་གོང་། །
ཀུ་མུད་འདབ་ཁ་གྲོལ་བར་འདོད། །
ཡིད་འོང་འཇིག་རྟེན་སྨོན་པར་ཤོར། །
༣
བརྩེ་བའི་དམར་རྗེས་བྲང་ལ་བརྐོས། །
སྙིང་ཆུང་ལྡིང་རྩལ་རླབས་ཀྱི་རིས། །
སྲབ་མཐུར་མེད་པའི་གཤོག་ཐོགས་རྟ། །
བང་ཁ་རླུང་ལ་བསྒྲུན་པ་བཞིན། །
ཐོགས་རེག་མེད་པའི་སེམས་ཀྱི་སྣེ། །
གཏད་སོ་ངེས་མེད་རྒྱང་རིང་རྒྱུ། །
གང་ཞིག་བཙལ་བ་སུས་ཀྱང་ཚོར།
༤
མཚམས་སྤྲིན་ནམ་མཁའི་དབྱིུངས་ན་འཕགས། །
སྲོད་རླུང་འཇམ་པོ་དལ་གྱིས་བསླེབ། །
མཇག་མའི་མགོ་བོ་ལྡེམ་ཙམ་ལྡེམ། །
ཁེར་བུར་འཁུམས་ནས་འདུག་ཡུན་ལ། །
གང་ཡོང་མ་ཚོར་སྐྱོ་གདུང་དང་། །
དྲན་པའི་ན་ཟུག་ལྕི་མོ་ཞིག །
བདག་གི་སེམས་ཀྱི་རུལ་ན་ཉུལ། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.