བཅད་རྩོམ།

ལོ་གསར་གཡང་གི་མགོ་མ།

2026 ལོའི་ཟླ 2 ཚེས 27 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

དགའ་སྐྱིད་ཉི་མའི་ཁ་ལོ་ཀུན་ནས་འཛུམ། །
གནམ་ལོ་བདེ་བའི་ཉི་གཞོན་དབྱིངས་སུ་རྒྱུ། །
བཀྲ་ཤིས་རླུང་རྟ་དར་བའི་རྟེན་འབྲེལ་གྱིས། །
བསང་གི་དུད་སྤྲིན་སྔོན་མོ་སྤྲིན་ལ་ཟུག །

ཕ་ཁུ་རྒན་རབས་འདི་ཀོ་ཞལ་ཁྱིམ་དུ། །
བསམ་པའི་འདོད་དོན་འགྲུབ་པའི་ཁ་གཡང་འདོན། །
བརྒྱད་གཉིས་སྒེག་ལྡན་བུ་མོའི་མགྲིན་དབྱངས་སྙན། །
སྙན་འཇེབས་གླུ་ཡིས་གནམ་ལོ་གསར་པར་བསུ། །

གངས་དཀར་མཆོད་ཆང་དྭངས་བའི་བསིལ་ལྗོངས་སུ། །
ལོ་གསར་བཀྲ་ཤིས་རླབས་ཀྱི་ཟེགས་མ་འཕྱུར། ། དེ་ལས་མང་་་

བཅད་རྩོམ།

ཚོར་མགུར།

2026 ལོའི་ཟླ 2 ཚེས 13 ཉིན། ཕར་ནང་ཚང་། དཀོན་མཆོག་དར་རྒྱས། 0

བཅུ་དྲུག་ལང་ཚོ་གཉོམ་པོ་དེ། །
རྣམ་གཡེང་བདུད་དཔུང་ཁ་རུ་ཚུད། །
མི་ལོ་ཉི་ཤུའི་གཏམ་རྒྱུད་ཅིག །
མགྲིན་པ་བརྣངས་ནས་འཆད་མ་ཐུབ། །
མུ་ཅོར་དབེན་པའི་རི་སུལ་ནས། །
ཆུ་མས་མཁུར་ཚོར་བརླན་ཞོར་དུ། །
འདས་པའི་ལོ་རྒྱུས་སྤྲིན་ལ་བསྐྱོན། །


འདུ་འཛིན་རྒོད་པའི་སྲང་ལམ་དུ། །
རྐང་མཐིལ་རྗེས་ཤུལ་གང་མང་བཏབ། །
རྣམ་རྟོག་མངའ་བའི་འཁྲིས་མྱི་ལ། །
བཟང་ངན་འཁྲུལ་རྟོག་ཅི་ཡང་བསྐྱེད། །
ཟླ་བའི་བསིལ་ཟེར་མ་འཛུམ་གོང་། །
ཀུ་མུད་འདབ་ཁ་གྲོལ་བར་འདོད། །
ཡིད་འོང་འཇིག་རྟེན་སྨོན་པར་ཤོར། ། དེ་ལས་མང་་་