སྟོན་མཇུག་གི་མེ་ཏོག

ཆབ་མདོ།   འོད་འཛིན་མ།

སྟོན་མཇུག་སྡོང་ལོ་འཁྲབ་པའི་གཞུང་། །

ནོར་འཛིན་སྤང་ལྗོངས་སེར་བའི་ཁུད། །

ཁྱེད་རང་སྤང་རྒྱན་མེ་ཏོག་བཞིན། །

བཞད་པའི་ཉི་མ་སྙིང་ནས་བསུ། །

 

ཞེ་སེམས་སྣང་བ་མཐུན་པའི་གྲོཊ། །

ལས་དང་སྐལ་བ་མཉམ་པའི་མཆེད། །

ལོ་འགའི་སྔོན་གྱི་དེ་རིང་ནི། །

ཅི་འདྲའི་མཚར་སྡུག་ལྡན་པ་ལ། །

 

རྒྱ་སེ་མེ་ཏོག་མ་ཐིངས་ཤིང་།།

གསེར་གྱི་ཨ་ལོང་མ་ཁུགས་ཀྱང་། །

རེ་སྨོན་ཁ་གཡང་སྒྲོག་པ་འདི། །

བསམ་དོན་རི་མོ་འགྲུབ་པའི་ཆེད། །

 

དབྱར་གྱི་ཁུག་པ་རྫོགས་ན་རྫོགས། །

ཁྱོད་ཉིད་སྐུ་ཚེ་བརྟན་པས་ཆོག །

མེ་ཏོག་སད་ཀྱིས་བཅོམ་ན་བཅོམ། །

ཁྱོད་ཀྱི་ཞལ་རས་འཛུམ་པས་ཚིམས། །

 

ཉིན་འདི་ཁྱོད་ལ་མཚོན་ན་ལོས། །

ང་ཡང་དགའ་སྤྲོས་བརྟས་ནས་སུ། །

སྙིང་བརྩེའི་རི་མོ་དཀར་དམར་དག །

ཤ་དང་མཆིན་པའི་གསེང་ནས་བྲིས། །

 

མ་གཅིག་བྱང་ཁོག་མ་བརྒྱུད་ལལཅིང་། །

ཁྱིམ་གཅིག་སོན་པའི་སྤུན་མིན་ཡང་། །

ཚེ་རབས་སྔོན་མའི་ལས་འཕྲོ་ཡིས། །

ད་རེས་འུ་གཉིས་གྲོགས་སུ་གྱུར། །

 

ཁྲེལ་གཞུང་གཙང་པོ་ཟབ་པའི་ཐོག །

མི་གཞི་ཀུན་སྤྱོད་ལེགས་པའི་རྐྱེན། །

སྐྱིད་སྡུག་གནམ་ངོ་འཁྲུཊ་པའི་མིས། །

ཁྱེད་རང་གཏན་དུ་བརྗེད་མ་མཆིས།།

 

སྙིང་གི་ཕྱི་ནང་མཚོན་པའི་གླུ། །

རྒྱང་ཐག་རིང་བའི་ཁྱོད་ཉིད་ལ། །

ཞེ་འདང་མཚོན་པའི་རྟེན་བྱས་ཏེ། །

ལྷོ་བཞུད་ཁྲུང་ཁྲུང་མགུལ་ལ་སྤྲིངས།། 

 

རི་དང་ཆུ་བོས་བཀར་ཡང་རུང་། །

ལ་དང་ལུང་པས་བཅད་ཀྱང་ཆོག །

མི་ཤིཊ་བརྩེ་བའི་མཛའ་མཐུན་གྱིས།།

ལོ་ཟླའི་ཕྲག་པ་སྔར་བཞིན་རྒལ།།

 

ཚངས་ཐིག་སྙིང་གི་ཡིད་འོང་མ། །

ཉིན་གཅིག་ཉི་མ་ལྟ་བུའི་གཤིས། །

དུས་གསུམ་ཀུན་ཏུ་མི་འགྱུར་ཞིང་། །

བསམ་པའི་ཕུཊ་འདུན་མངོན་པར་ཤོག། 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།