གྲོགས་པོ་ཕྱི་དཀར་ནང་དཀར།

ཆབ་མདོ། འོད་འཛིན་མ།

ལོ་ཟླ་བ་བཞུར་བའི་བཞུར་རྒྱུན་ཁྲོད།།
ཞེ་སྙི་མོ་འདྲིས་ཤིང་འགྲོགས་པ་ཡི།།
གྲོགས་ཕྱི་གསལ་ནང་གསལ་ཁྱེད་ཡོད་པས།།
སེམས་དགའ་སྡུག་བཤད་ས་བྲལ་མ་མྱོང་།།

ང་སྐྱིད་སྡུག་མང་ལེ་དཔྱིད་ཀའི་གནམ།།
ཁྱེད་འགྱུར་མེད་ལྷ་ཤིང་ཤུག་པ་ལྟར།།
གཞིས་འཁོར་བ་གཅིག་ཏུ་འཛོམས་པའི་དྲིན།།
སྙིང་བརྩེ་བའི་མེ་ཏོག་ཡང་ཡང་གསོས།།

སྤྱིར་འཇིག་རྟེན་མི་རྟག་འབྱུང་བས་རྨས།
སྒོས་མི་ཚོགས་རེ་དོགས་ནད་ཀྱིས་མནར།།
སེམས་ཕྱི་ནང་འཁྱག་པའི་དུས་ཚིཊ་འདིར།།
ཞེ་སྣང་བ་མཐུན་ས་ཁྱེད་ཉིད་ཙམ།།

གཟུཊ་ལང་ཚོ་མཛེས་མིན་ཟེར་མི་ཤེས།།
རིགས་རུས་པ་བཟང་མིན་དེ་བས་ཅི།།
ཁྲེལ་ཕྱི་ཐག་རིང་བ་དེ་ཁོ་ནས།།
ངའི་སྙིང་གི་གཡུ་ལོ་དགྱེས་པར་བྱས།།

ངག་མ་བཅོས་ཚིག་གི་འདབ་མ་གྲོལ།།
སེམས་གཡོ་སྒྱུས་མ་ལྷད་གཞུང་རྒྱུད་དྲང་།།
ལོ་ཟླ་བ་སོང་ཞིང་ཇེ་ཡག་པའི།།
གཤིས་གཉུག་མ་དེ་ལ་ཡི་རང་ཤོར།།

མི་བཟང་ངན་དབྱེ་བ་འབྱེད་དཀའ་མོད།།
སེམས་དཀར་ནག་མཚོན་པའི་རྣམ་འགྱུར་མང་།།
དོན་དེ་གས་ཁྱེད་ཉིད་ཁོ་ན་ལས།།
སྙིང་དམར་ཆུང་གཏད་ས་ཉུང་བར་རྟོགས།།

ཚེ་རིང་ཐུང་སྲོད་ཀའི་ཉི་མ་འདྲ།།
ལུས་ལང་ཚོ་རླུང་གསེབ་མར་མེ་བཞིན།།
དགྲ་འཆི་བདག་ཁ་རུ་ཤོར་ན་ཡང་།།
ཁྲེལ་ཕྱི་ཐག་མ་ཉམས་དེ་གས་ཆོག།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།