ཆབ་མདོ། འོད་འཛིན་མ།
དབྱར།
སྤྲིན་འཇའ་ཚོན་ནམ་མཁའི་མཐོངས་སུ་བཀྲ།།
རྫ་ཁྲ་ཡག་ངོ་གདོང་ཟིལ་བས་བརླན།།
སྤང་སྔོ་ལྗང་མེ་ཏོག་ཁྲ་ཚོམ་བཞད།།
འབྲོག་སྦྲ་ནག་ལྷས་ཀྱང་བཞོ་སྒྲས་བཀང་།།
དགུན།
དགུན་རི་ལུང་དར་མ་འཁྱག་གིས་བཟུང་།།
ཆུ་གསེར་ལྡན་སྒྲ་འཇགས་རང་མལ་ཉལ།།
བྱ་རི་དྭགས་ཚོགས་ཀྱང་རོང་ལ་བབས།།
གངས་ཁ་བས་གནམ་ས་གཞི་གཅིག་བསྲེས།།
སྟོན།
བྱ་ཁུ་བྱུག་མ་བུ་མོན་ལ་ཆས།།
སྨག་སྨུག་པ་མི་རྟག་གླུ་ཡིས་ཁྱེར།།
ཤིང་ལྗོན་པའི་ཡལ་འདབ་རླུང་གིས་བསྒུལ།།
རྩྭ་འཇག་མས་གླུ་སྐད་སྲོད་ལ་འཐེན།།
དཔྱིད།
རྒོད་ཤ་གཟན་ཏིང་འཛིན་ཟས་ལ་མོས།།
ཆར་ཟིམ་མས་སྤང་རྒོད་ནེམ་ཤ་སྟེར།།
རྩྭ་རྩི་ཤིང་མིག་གི་དཔལ་དུ་རྒྱས།།
གཞིས་འཁོར་བའི་མི་ཚོཊ་ལས་ལ་བྲེལ།།
དུས་བཞི།
དཔྱིད་ཟླ་གསུམ་རྫོགས་པའི་པང་ཁུད་དུ།།
དབྱར་ཟླ་གསུམ་དཔལ་གྱི་མེ་ཏོག་ཤར།།
སྟོན་ཟླ་གསུམ་ཚེས་པའི་མེ་ལོང་དུ།།
དགུན་ཟླ་གསུམ་ལེའུ་འཆར་ཞིང་ནུབ།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.