ས་སྐྱ་བཙུན་མའི་མཐོ་སློབ་ཏུ་བགྲོ་གླེང་ཆེན་མོ་གནང་བ།

ཁ་རྩང་སྤྱི་ཚེས ༢༤ ཉིན་དཔལ་ས་སྐྱའི་བཙུན་དགོན་མཐོ་སློབ་ནང་དུ་ནང་ཆོས་དང་འབྲེལ་བའི་བགྲོ་གླེང་ཞིག་གོ་སྒྲིག་གནང་འདུག 

དེ་ཡང་ས་གནས་རེ་བའི་གྲོང་བརྡ་བུ་མོའི་མཐོ་སློབ་ཀྱིས་རེ་སྐུལ་ལྟར་ས་སྐྱ་བཙུན་དགོན་མཐོ་སློབ་ནང་དུ་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་གླེང་མོལ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད་མ་ཟད།   སྒོམ་ཁྲིད་སྐོར་ཡང་འཆད་ཁྲིད་གནང་འདུག དེའི་ནང་དུ་མཉམ་ཞུགས་གནང་མཁན་རེ་བའི་གྲོང་རྡལ་གྱི་བུད་མེད་སློབ་གྲྭ་དང་། ཏུའུ་ཨེན་སློབ་གྲྭའི་སློབ་མ། ཧྥ་རན་སིའི་ཧྥུ་ལེ་ཏེ་ལི་ཁེ·ཨོ་ཀྲ་ནན་སློབ་འབྲིང་ནས་ཡོང་བའི་སློབ་མ།  ས་སྐྱ་བཙུན་མའི་མཐོ་སློབ་སློབ་མ་བཅས་མཉམ་ཞུགས་གནང་འདུག  

སྐབས་དེར་༧ སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དབུ་འབྱེད་མཛད་སྒོའི་གསུང་བཤད་དང་ནང་བསྟན་ངོ་སྤྲོད་སོགས་གནང་འདུག   མཐའ་མར་བགྲོ་གླེང་མཉམ་ཞུགས་གནང་མཁན་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པ་དང་བགྲོ་གླེང་པ་སློབ་མ་རྣམས་ལ་ཕྱག་འཁྱེར་བསྩལ་གནང་ནས་ལེགས་པར་གྲུབ་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*