རྡོར་གདན་རྫོང་གསར་སྨོན་ལམ་སྐབས་བདུན་པ་ལེགས་པར་གྲུབ་པ།

འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་རྡོར་གདན་སྨོན་ལམ་ཆེན་མོ་སྐབས་བདུན་པ་དབུ་འདིའི་ཟླ་བའི་སྤྱི་ཚེས ༡༨ ནས་༢༧ བར་ཉིན་གྲངས་བཅིའི་རིང་དུ་ཚོགས་གནང་འདུག  ཚོགས་མགོན་དུ་༧ སྐྱབས་རྗེ་རྫོང་གསར་མཁྱེན་རིན་པོ་ཆེ་མཆོག་དང་མཁན་ཆེན་རྣམ་པ་དང་མཁན་པོ་རྣམ་པ།  སྤྲུལ་སྐུ་རྣམ་པ།  སློབ་གཉེར་བའི་དགེ་འདུན་རྣམ་པ།  ཆོས་སྦྱིན་བདག་པོ་རྣམ་པ།  དད་ལྡན་བོད་རྒྱ་འབྲུག་སོགས་རྒྱས་འཛོམས་ཐོག་ནས་སྨོན་ལམ་གསུང་གནང་དང་། བདེ་བར་གཤེགས་པ་ཡོངས་འཛིན་མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེན་མཆོག་དགོངས་རྫོགས་དང་འབྲེལ་ནས་རྗེས་དྲན་དུས་དེབ་དབུ་འབྱེད་མཛད་སྒོ་གནང་འདུག  སྨོན་ལམ་གྱི་ཞོར་དུ་༧ སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བཟང་སྤྱོད་སྨོན་ལམ་འཆད་ཁྲིད་ཡང་གནང་འདུག  ཁ་རྩང་༢༠༢༣།༡༠།༢༧ ཉིན་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་སྒོ་ནས་རྫོང་གསར་སྨོན་ལམ་སྐབས་བདུན་པ་མཇུག་ལེགས་པར་གྲུབ་གནང་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*