དུས་ཀྱི་ནད་རྡུལ།

                                                           གྱིན་འདའ་བ། ཁྲི་འདུ།

དུས་འཕོ་འགྱུར་མཚར་བའི་སྙིགས་དུས་ཀྱི་པང་ནས།།
ནང་དྲན་རྟོག་བསླུ་བའི་འཆར་སྒོ་དེ་འབེལ་ཞིང་།།
ཞེ་ལྷོད་འཇགས་དཀྲུགས་པའི་བཟེ་རེ་དེ་མང་རུང་།
དོན་གཤིས་ལུགས་རྟོགས་པའི་ཆོག་ཤེས་ཀྱི་འོག་ནས།།
སེམས་གུ་ཡངས་བདེ་བས་ནང་སེམས་དེ་གསོ་དགོས།།

སེམས་ཕོག་ཐུག་སྐྱེན་བའི་དུས་རབས་ཀློང་ནས།།
ཤ་ཚ་བའི་གཏམ་ལ་སྤྱོ་ཚིག་གིས་སྡིགས་ཤིང་།།
སྙིང་ཉེ་བའི་ཚིག་ལ་འཁུ་འཕྲིག་གིས་གཤེ་རུང་།།
ཞེ་འགྱོད་མེད་བདེན་པའི་བཤུལ་ལམ་དུ་སྙེག་ནས།།
ནང་ཀུན་སློང་གཙང་མས་མི་ཚེ་དེ་བསྐྱལ་དགོས།།

དོན་ཁ་ཁོག་འགལ་བའི་ཡ་མ་བརླའི་གྲོང་ནས།།
ཚིག་ཕྱི་ནང་འབེལ་བའི་དཀྲོག་གཏམ་དེ་མོད་ཅིང་།།
གཏམ་གོ་འཛོལ་ཐེབས་པའི་འཆལ་ཚིག་དེ་མང་རུང་།།
གྲོགས་འདྲིས་པ་ཅན་གྱི་ཕྱི་ཐག་གི་ཆེད་དུ།།
བློ་ཡངས་པོ་བྱས་ཏེ་དམ་ཚིག་དེ་བསྲུང་དགོས།།

བློ་གཏད་སོ་མེད་པའི་ངག་ནག་གི་གྲོང་ནས།།
ཕྱི་རྣམ་འགྱུར་ཟོག་པོས་སྒྲུན་སེམས་ཤིག་འཆང་ཞིང་།།
ནང་ཕྲག་དོག་ཚིག་གི་མདའ་མོ་དེ་འཕངས་རུང་།།
བཤིས་རང་ཚིགས་གརྟན་པོའི་ཐེར་ཟུག་གི་འོག་ནས།།
ལས་སྐྱིད་སྡུག་མོད་ཀྱང་དབུ་ལམ་ནས་མཆིས་དགོས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*